PODCAST · news
བོད། - ཨ་རིའི་རླུང་འཕྲིན་ཁང་།
by VOA
ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།
Episodes
-
གདན་ས་བཀྲིས་ལྷུན་པོ་འདུས་མང་ནས་སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་དོན་དུ་མཆོད་འབུལ་སྨོན་ལམ་འཚོགས་པ། - ཟླ་བ་གཉིས་པ། ༠༩, ༢༠༢༥
སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་སྐུ་གཤེགས་པར་གདན་ས་བཀྲིས་ལྷུན་པོ་འདུས་མང་ནས་མྱ་ངན་དང་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཚོགས་ཡོད་པའི་སྐོར་འདི་གའི་ས་གནས་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་འདིར་གསལ།
-
སྐུའི་གཅེན་པོ་སྐུ་ངོ་རྒྱ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པ། - ཟླ་བ་གཉིས་པ། ༠༩, ༢༠༢༥
༄༅།། སྐུའི་གཅེན་པོ་དང་བཀའ་བློན་ཁྲི་ཟུར་སྐུ་ངོ་རྒྱ་ལོ་དོན་གྲུབ་མཆོག་སྤྱི་ཟླ་༢་ཚེས་༨་ཉིན་དགོངས་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་འདུག།་་སྐུ་ངོ་རྒྱ་ལོ་དོན་གྲུབ་མཆོག་ནི་སྐུ་ཚེ་ཧྲུལ་པོ་བོད་མིའི་རྩ་དོན་ཆེད་འབད་བརྩོན་གནང་མཁན་གྱི་མི་སྣ་གལ་ཆེན་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད།
-
གཡུང་དྲུང་བོན་གྱི་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བརྒྱ་སྟོན། - ཟླ་བ་གཉིས་པ། ༠༦, ༢༠༢༥
གཡུང་དྲུང་བོན་གྱི་སྐྱབས་རྗེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱ་ཐམ་པ་ལ་ཕེབས་པའི་བརྒྱ་སྟོན་རྟེན་འབྲེལ་མཛད་སྒོ་དེ་བཞིན་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་འཚོགས་ཡོད་པའི་སྐོར།
-
བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་་གི་་འགོ་ཁྲིད་ལ་འཕོ་འགྱུར་བཏང་བར་དཔྱད་ཞིབ། - ཟླ་བ་དང་པོ། ༢༥, ༢༠༢༥
བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་ཚོགས་ཆེན་གཉིས་དང་།བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་ཟེར་བའི་འགོ་ཁྲིད་་ལ་འཕོ་འགྱུར་བཏང་བ་སོགས་ཀྱི་གནས་ཚུལ་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་དཔྱད་ཞིབ་ཤིག་སྤེལ་ཡོད་པ་དེའི་སྐོར་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།
-
བལ་ཡུལ་དོན་གཅོད་ཁང་གིས་གོ་སྒྲིག་འོག་ས་འགུལ་གོད་ཆག་ཆེད་མཆོད་འབུལ་སྨོན་ལམ་འཚོགས་པ། - ཟླ་བ་དང་པོ། ༡༡, ༢༠༢༥
བལ་ཡུལ་དོན་གཅོད་ལས་ཁུངས་ཀྱིས་གོ་སྒྲིག་འོག་བོད་ནང་ས་འགུལ་གྱི་རང་བྱུང་གོད་ཆག་བྱུང་བར་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་འཚོགས་ཡོད་པའི་སྐོར་སོགས་ཀུན་བཟང་བསྟན་འཛིན་ལགས་ཀྱི་སྙན་སྒྲོན་ཞུས་ཡོད།
-
བོད་ནང་གཞིས་ཀ་རྩེ་དང་དིང་རི་རྫོང་སོགས་སུ་ས་ཡོམ་གྱི་རྐྱེན་པའི་མི་གྲངས་༡༢༠ལྷག་ལ་སྲོག་སྐྱོན། - ཟླ་བ་དང་པོ། ༠༨, ༢༠༢༥
བོད་ནང་གཞིས་ཀ་རྩེ་དང་དིང་རི་རྫོང་སོགས་སུ་ས་ཡོམ་འགུལ་ཚད་ཤུགས་ཆེ་ཞིག་བརྒྱབ་པའི་འོག་ཉུང་མཐར་མི་གྲངས་༡༢༠ལྷག་པར་སྲོག་སྐྱོན་དང་རྨས་སྐྱོན་ཕོག་པ་མང་པོ་ཞིག་བྱུང་ཡོད་པའི་སྐོར་བལ་ཡུལ་ནས་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་སྙན་སྒྲོན་ཞུ་ཡི་རེད།
-
དབྱིན་ཇིའི་འགྲེམས་སྟོན་ཁང་ཞིག་གིས་བོད་མིའི་ངོ་བོར་གནོན་སྡོམ་བྱེད་བཞིན་པར་སྐྱོན་བརྗོད། - ཟླ་བ་བཅུ་གཉིས། ༢༢, ༢༠༢༤
དབྱིན་ཇིའི་འགྲེམས་སྟོན་ཁང་ཞིག་ཏུ་དར་ལམ་བརྗོད་གཞི་བྱས་པའི་འགྲེམས་སྟོན་ཞིག་ལས། དབྱིན་སྐད་ནང་བོད་ཀྱི་སྐད་དོད་དུ་རྒྱ་ནག་གི་བརྗོད་སྟངས་ལྟར་ཞི་ཙང་རང་སྐྱོང་ལྗོངས་ཞེས་འཁོད་ཡོད་པར་བོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་སྐྱོན་བརྗོད་བྱེད་བཞིན་ཡོད་པའི་སྐོར་ཀུན་བཟང་རིག་འཛིན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
-
བལ་ཡུལ་གཞུང་གིས་རྒྱ་ནག་གི་པཎ་ཆེན་རྒྱལ་མཚན་ནོར་བུ་བལ་ཡུལ་ལ་ཡོང་དུ་བཅུག་མེད་པ། - ཟླ་བ་བཅུ་གཉིས། ༡༣, ༢༠༢༤
རྒྱ་ནག་གིས་བསྐོ་གཞག་བྱས་པའི་པཎ་ཆེན་བླ་མའམ་རྒྱལ་མཚན་ནོར་བུ་རིང་མིན་བལ་ཡུལ་ནང་འབྱོར་རྒྱུ་ཡིན་སྐོར་གནས་ཚུལ་ཐོན་མ་ཐག་བོད་དོན་རྒྱབ་བསྐྱོར་བ་ཁག་ཅིག་གིས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་རེད། ད་ཆ་བལ་ཡུལ་གཞུང་གིས་རྒྱ་ནག་གི་བླ་མ་དེ་བལ་ཡུལ་ནང་ལ་ཡོང་རྒྱུར་མོས་མཐུན་བྱས་མེད་པའི་གནས་ཚུལ་ཐོན།
-
ལུམ་བྷི་ནི་རུ་དཔལ་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ལ་མདོ་སྨད་ལྷ་སྡེ་མི་སྡེ་ཡོངས་ཀྱིས་བརྟནབརྟན་བཞུགས། - ཟླ་བ་བཅུ་གཉིས། ༡༣, ༢༠༢༤
སྟོན་པ་ཐུགས་རྗེ་ཅན་སྐུ་འཁྲུངས་སའི་གནས་ལུམ་བྷི་ནི་རུ་དཔལ་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ལ་མདོ་སྨད་ལྷ་སྡེ་མི་སྡེ་ཡོངས་ཀྱིས་གྱ་སྟོན་རྟེན་འབྲེལ་དང་བརྟན་བཞུགས་བསྟར་འབུལ་ཞུས་འདུག་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།
-
ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ནང་བོད་ཀྱི་མ་འོངས་པ་ཞེས་པའི་བགྲོ་གླེང་། - ཟླ་བ་བཅུ་གཉིས། ༡༡, ༢༠༢༤
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཕྱི་ཟླ་༡༢པའི་ཚེས་༡༠འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་དང་འཐབ་བྱུས་ནང་བོད་ཀྱི་མ་འོངས་པ་ཞེས་པའི་བརྗོད་གཞིའི་ཐོག་ལ་ཨ་རིའི་གྲོས་ཚོགས་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སཱི་མཆོག་དང་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་པའི་སྐོར།
-
ལྷ་སའི་མལ་གྲོ་གོང་དཀར་ལ་ས་ཡོམས་བརྒྱབ་འདུག - ཟླ་བ་བཅུ་གཅིག་པ། ༠༩, ༢༠༢༤
ཕྱི་ཟླ་བཅུ་ཅིག་གི་ཚེས་༧ བོད་ནང་གི་ཐོ་རེངས་ཚོུད་༤ དང་སྐར་མ་༢༠ ཐོག་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཤར་ཕྱོགས་སུ་སྤྱི་ལེ་༡༠༦ ཙམ་གྱི་སར་ཡོད་པའི་མལ་གྲོ་གུང་དཀར་ལ་ས་ཡོམས་ཤུགས་ཚད་རིམ་པ་བཞི་དང་ཚེག་བདུན་དང་གཏིང་ཚད་རིམ་པ་སྤྱི་ལེ་བཅུ་བརྒྱབ་ཏེ་མི་རྣམས་འཇིགས་སྣང་ཆེན་པོ་བྱུང་འདུག
-
བོད་ནང་སློབ་ཕྲུག་གི་ཕ་མ་ཚོར་ཆོས་ལུགས་དམ་བསྒྲགས་ཆེ་རུ་བཏང་བ། - ཟླ་བ་བཅུ་གཅིག་པ། ༠༡, ༢༠༢༤
བོད་ནང་ལས་ཁུངས་ཁག་ནང་ལས་བྱེད་ཚོས་སྒེར་གྱི་ཁ་པར་བེད་སྤྱོད་བྱེད་མི་ཆོག་པ་དང་སློབ་གྲྭའི་ཁྱིམ་བདག་ཚོས་ཕྲེང་བ་དང་ཆོས་ལུགས་ཀྱི་རྣམ་པ་ཡོད་པའི་དངོས་པོ་གང་ཡང་ལུས་ལ་ཁྱེར་མི་ཆོག་པ་མ་ཟད། དགེ་རྒན་ལས་བྱེད་ཚོས་དཔེ་དེབ་འདྲ་མིན་ལྟ་ཀློག་མི་ཆོག་པའི་དམ་བསྒྲགས་བྱས་འདུག་པའི་སྐོར།
-
དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་ཏུ་བོད་དོན་གླེང་དགོས་པ། - ཟླ་བ་བཅུ་པ། ༡༨, ༢༠༢༤
དབྱིན་ཇིའི་གཞུང་གསར་པའི་ཕྱི་སྲིད་དྲུང་ཆེ་ཌེ་ཝི་ཌེ་ལྭམ་ཨེའི་རྒྱ་ནག་ལ་གཞུང་དོན་ཕྱོགས་ཕེབས་ཐོག་མ་དེ་གཟའ་པ་སངས་དང་སྤེན་པར་གནང་དུས་བོད་དོན་སྐོར་ལ་རྒྱ་ནག་གཞུང་ལ་ནང་མོལ་སྐབས་དང་ཡོངས་གྲགས་གཉིས་ཀར་བཀའ་མོལ་གནང་དགོས་པ་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་བསྒྲགས་གཏམ་སྤེལ་བ་སོཊ་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་ཞུ་ཡི་རེད།
-
སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་གྱི་དབུ་འཁྲིད་དང་བོད་དོན་རྒྱབ་སྐྱོར་བ་ཚོ་མཇལ་འཕྲད་གནང་ཡོད་པ། - ཟླ་བ་བཅུ་པ། ༡༨, ༢༠༢༤
ཚེས་༡༣ནས་༡༥བར་ཉིན་གསུམ་གྱི་རིང་༢༠༠༠ཐམ་པའི་གླེང་སྟེགས་ཀྱི་ལྷན་འཛོམས་༢༨པ་དེ་ཚོཌ་པའི་སྐབས་བཙན་བྱོལ་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལཌ་ཀྱང་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་ཅེག་སྤྱི་མཐུན་གྱི་དབུ་འཁྲིད་རྣམས་དང་། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མཇལ་འཕྲད་ཀྱིས་བཀའ་གྲོས་གནང་ཡོད་པའི་གནས་ཚུལ།
-
སྲིད་སྐྱོང་གིས་ཅེག་སྤྱི་མཐུན་ནང་གཞུང་འབྲེལ་དཔོན་རིགས་དང་ཐེ་ཝན་གྱི་སྲིད་འཛིན་ཟུར་པར་མཇལ་འཕྲད་གནང་། - ཟླ་བ་བཅུ་པ། ༡༥, ༢༠༢༤
ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཚོགས་བཞིན་པའི་གླེང་སྟེགས་ ༢༠༠༠ བསྐྱངས་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལྕམ་ཚད་དབྱིངས་ཝིན་དང་ཕྱི་རྒྱལ་གྱི་དཔོན་རིགས་གཞན་ཁག་དང་མཇལ་འཕྲད་གནང་འདུག་པའི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་གྲོན་ཞུ་ཡི་རེད།
-
སྲིད་སྐྱོང་ཡུ་རོབ་མཛད་འཆར་རྗེས་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཕེབས་པ། - ཟླ་བ་བཅུ་པ། ༡༢, ༢༠༢༤
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གཉིས་ནང་གི་མཛད་རིམ་ཁག་ལེགས་པར་གྲུབ་ནས། དེ་རིང་རེས་གཟའ་སྤེན་པའི་ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཕེབས་ཡོད་པའི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་ཡོད།
-
མགོན་པོ་སྐྱིད་ཀྱི་ཞུ་གཏུག་ལ་རྩིས་མེད་བྱས་པར་སྐྱོན་བརྗོད། - ཟླ་བ་བཅུ་པ། ༡༠, ༢༠༢༤
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་འཛིན་བཟུང་དང་ཉེས་རྡུང་ཚད་མེད་བཏང་བའི་སྐོར་ཞུ་གཏུག་བྱས་ཡོད་ཀྱང་ཁྲིམས་ཁང་ནས་དྲང་བདེན་བྱས་མེད་པའི་སྐོར་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་ལ་བཅའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
-
སྲིད་སྐྱོང་གིས་ནེ་རྡར་ལན་ཌི་ཡའི་སྲིད་པ་ཁག་དང་མཇལ་འཕྲད་ཞུས་གནང་པ། - ཟླ་བ་བཅུ་པ། ༡༠, ༢༠༢༤
དེང་སྐབས་ཡུ་རོབ་ནང་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕེབས་་བཞིན་པ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རེས་གཟའ་ལྷག་པ་ཉིན་ནེ་རྡར་ལན་ཌི་ཡའི་གྲོས་ཚོགས་འཐུས་མི་ཁག་དང་དེ་བཞིན་ཕྱི་སྲིད་ཁུངས་ཀྱི་འབྲེལ་ཡོད་ཁག་དང་མཇལ་འཕྲད་ཞུས་གནང་ཡོད་པའི་གནས་ཚུལ་ཞིག་རྒྱལ་མཚན་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
-
ཁམས་བདེ་ཆེན་ཁུལ་དུ་བོད་རིགས་ལས་བྱེད་པར་ཞིབ་བཤེར་བྱས་པ། - ཟླ་བ་བཅུ་པ། ༠༣, ༢༠༢༤
༄༅།།ཁམས་བདེ་ཆེན་ཁུལ་དུ་བོད་རིགས་ལས་བྱེད་པར་ཞིབ་བཤེར་བྱེད་བཞིན་ཡོད་པ་དེས་རྒྱ་མིའི་དཔོན་རིགས་ཀྱི་ཁྲོད་དུ་ལྐོག་ཟ་རུལ་སུངས་ཁྱབ་གདལ་ཆེན་པོ་ཡོད་པ་གསལ་སྟོན་བྱུང་ཡོད་པའི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་གནང་གི་རེད།
-
བོད་ནང་གི་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ལ་བཙོན་བཅུག་གི་ཁྲིམས་བཅད་བཏང་ཡོད་པ། - ཟླ་བ་དགུ་པ། ༢༥, ༢༠༢༤
བཞུགས་སྒར་དུ་རྟེན་གཞི་བྱས་པའི་མཚན་ཉིད་གྲ་ཚང་དུ་ལོ་བཅུ་ཙམ་སློབ་གཉེར་གནང་སྟེ་༡༩༩༦ལོར་བོད་ལ་ཕྱིར་ལོག་བྱུང་བའི་རེབ་གོང་གི་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ལ་རྒྱ་ནག་གཞུང་གིས་ལོ་གཅིག་དང་ཕྱེད་ཀའི་བཙོན་བཅུག་གི་ཁྲིམས་བཅད་བཏང་ཡོད་པའི་སྐོར་བལ་ཡུལ་ནས་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་གནང་བའི་གནས་ཚུལ།
-
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོཊ་དུས་བརྒྱད་པ་དང་བཅའ་ཁྲིམས་བསྐྱར་བཅོས། - ཟླ་བ་དགུ་པ། ༢༡, ༢༠༢༤
བསྟན་འཛིན་ནོར་བཟང་ལགས་ནས་འདི་གའི་རྒྱ་གར་དང་བལ་ཡུལ་གསར་འགོད་སྤྱི་ཁྱབ་པ་ཨོ་རྒྱན་བསྟན་འཛིན་ལགས་དང་ལྷན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་སྤྱི་ཡོངས་སྐོར་དང་། ལྷག་པར་དུ་ཚོགས་དུས་འདིའི་ཐོག་ནས་བཅའ་ཁྲིམས་བསྐྱར་བཅོས་སོང་བའི་ཁྲིམས་སྒྲིག་གནད་འགག་ཅིག་གི་སྐོར་ལ་གླེང་མོལ་ཞུས་ཡོད།
-
བལ་ཡུལ་ནང་བོན་རིག་པའི་བགྲོ་གླེང་ཆེན་མོ་ཐེངས་ལྔ་པ་འདི་དབུ་འཛུགས། - ཟླ་བ་དགུ་པ། ༡༩, ༢༠༢༤
བོན་རིག་པའི་བགྲོ་གླེང་ཆེན་མོ་ཐེངས་ལྔ་པ་འདི་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེ་རུ་ཉིན་གྲངས་གཉིས་ཀྱི་རིང་ལ་འཚོགས་ཡོད་པའི་སྐོར་ཀུན་བཟང་བསྟན་འཛིན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
ཨ་རིའི་ནང་འོས་བསྡུ་བྱེད་ཉེའི་སྐབས་འདིར་སྲིད་དོན་ཚོགས་པ་གཉིས་ཀྱི་བོད་དོན་ལ་རྒྱབ་སྐྱོར། - ཟླ་བ་དགུ་པ། ༡༢, ༢༠༢༤
ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རེས་གཟའ་མིག་དམར་ཉིན་བསྒྲགས་གཏམ་སྤེལ་བའི་ནང་ཨ་རིའི་ནང་སྲིད་འཛིན་འོས་བསྡུ་བྱེད་ཉེའི་སྐབས་འདིར་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་བོད་དོན་ཐད་ལ་རྒྱབ་སྐྱོར་ཐད་བོད་དོན་ལས་འགུལ་བ་ཚོས་དོ་སྣང་ཆེན་པོ་གནང་གི་ཡོད་སྐོར་གསལ་སྟོན་བྱས་འདུག
-
བྷ་ཌན་གྱིས་བོད་དོན་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་པར་རྒྱ་ནག་གིས་སྐྱོན་བརྗོད། - ཟླ་བ་བདུན་པ། ༡༤, ༢༠༢༤
ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་གིས་བོད་དོན་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་པ་དེར། རྒྱ་ནག་གཞུང་གིས་ཨ་རིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
-
ད་ལོར་བལ་ཡུལ་ནང་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་ཐུབ་ཡོད་པ། - ཟླ་བ་བདུན་པ། ༠༧, ༢༠༢༤
བལ་ཡུལ་ནང་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༩ ལ་ཕེབས་པའི་སྐུ་འཁྲུངས་སྐར་སྲུང་བརྩི་མཛད་སྒོ་བདེ་ལེགས་ངང་འཚོགས་ཐུབ་ཡོད་པའི་སྐོར་ཀུན་བཟང་བསྟན་འཛིན་ལགས་ཀྱི་སྙན་སྒྲོན་ཞུས་ཡོད།
-
༸གོང་ས་མཆོག་གི་འཁྲུངས་སྐར་གཞུང་འབྲེལ་གྱི་སྲུང་བརྩི། - ཟླ་བ་བདུན་པ། ༠༧, ༢༠༢༤
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུག་ལྟར་གུང་གྲངས་༨༩ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོ་དེ་བཞིན་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རེམ་སིན་རྟ་དམར་མཆོག་དབུ་བཞུགས་ཐོག་སྤྱི་ཟླ་༧ ཚེས་༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་བརྩི་ཞུས་གནང་སྐོར་འདིར་གསལ།
-
༸གོང་ས་སྐྱབས་དགོན་ཆེན་པོ་མཆོག་དགུང་གྲངས་༨༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་སྩལ་བའི་གསུང་འཕྲིན། - ཟླ་བ་བདུན་པ། ༠༧, ༢༠༢༤
༸གོང་ས་སྐྱབས་དགོན་ཆེན་པོ་མཆོག་དགུང་གྲངས་༨༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་གསུང་འཕྲིན་སྩལ་སྐོར་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
-
རྒྱ་གར་ལྷོ་ཕྱོགས་སུ་སྐུའི་འཁྲུངས་སྐར་སྲུང་བརྩི་དབུ་འཛུགས་གནང་ཡོད་པ། - ཟླ་བ་བདུན་པ། ༠༥, ༢༠༢༤
རྒྱ་གར་ལྷོ་ཕྱོགསགས་སྦེང་ལོར་དང་མེ་སོར་ཁུལ་གྱི་རྒྱ་གར་མཐོ་སློབ་ཁག་ནང་བོད་ཀྱི་རིག་གཞུང་ཞབས་གཞས་སྣ་འཁྲབ་སྟོན་དང་བོད་དོན་གཤམ་བཤད་སོགས་ཀྱི་སྒོ་ནས་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༩ དང་བོད་ལུགས་དགུང་གྲངས་༩༠ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུ་འགོ་འཛུགས་ཡོད་པའི་སྐོར།
-
དྲ་ལམ་ཁྱུག་དབྱིངས་ནང་བོད་སྐད་དང་བོད་ཡིག་ལ་བཀག་བསྡོམས། - ཟླ་བ་བདུན་པ། ༠༣, ༢༠༢༤
རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་བོད་དུ་དར་ཁྱབ་ཆེ་བའི་ཐད་གཏོང་དྲ་ལམ་ཁྱུག་དབྱིངས་ནང་དུ་བོད་ཡིག་དང་བོད་སྐད་ལ་བཀག་བསྡོམས་བྱུང་བཞིན་པ་ནི་རྒྱ་ནག་གཞུང་རང་གི་རྩ་ཁྲིམས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱབ་འགལ་ཡིན་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསུངས་།
-
ས་གནས་འགོ་འཛིན་རྣམ་པར་ས་ཆུ་བདག་གཅེས་གནང་ཕྱོགས་ཀྱི་སྦྱོང་བརྡར། - ཟླ་བ་དྲུག་པ། ༢༧, ༢༠༢༤
བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་ཀྱི་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་ནས་བར་ཕྱི་ཚེས་༢༤་ནས་༢༦བར་ཉིན་གསུམ་གྱི་རིང་རྒྱ་གར་ལྷོ་ཕྱོགས་སུ་བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཆགས་ཁག་༡༢ ཀྱི་ས་གནས་འགོ་འཛིན་རྣམ་པར་ས་ཆུ་བདག་གཅེས་བྱ་ཕྱོགས་ཀྱི་ཟབ་སྦྱོང་རྒྱས་པོ་ཞིག་གནང་ཡོད་པའི་སྐོར།
-
རྒྱ་ནག་གཞུང་གིས་དགོན་སྡེ་ཁག་ལ་རྒྱལ་གཅེས་ཆོས་ཀྱི་སློབ་གསོ་སྤེལ་བཞིན་པ། - ཟླ་བ་དྲུག་པ། ༢༧, ༢༠༢༤
བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ལྦང་ཅུན་ཀྲེང་གིས་དེང་སྐབས་ལྷ་སའི་ཉེ་འཁོར་དགོན་སྡེ་ཁག་ལ་ཆེད་སྐྱོད་ཀྱིས་གྲྭ་བཙུན་ཚོའི་ཁྲོད་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་སློབ་གསོ་རྒྱག་བཞིན་ཡོད་པའི་སྐོར་རྒྱན་མཚན་ཆོས་གྲགས་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
བོད་མི་ཧ་ཅང་མང་པོ་འདུ་འཛོམས་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུ་ཞུས་པ། - ཟླ་བ་དྲུག་པ། ༢༣, ༢༠༢༤
༸གོང་ས་མཆོག་ཨ་རིར་ཞབས་པུས་ཀྱི་སྨན་བཅོས་སུ་ཕེབས་ལམ་དུ་མགོན་པོ་གང་ཉིད་ཀྱི་གནམ་གྲུ་སུད་སི་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་འཁོད་སྐབས་སུད་སི་དང་ཡུ་རོབ་རྒྱལ་ཁབ་ཁག་ནས་བོད་མི་སྟོང་མཚོ་མང་པོས་༸གོང་ས་མཆོག་ལ་ཕེབས་བསུ་ཞུས་ཡོད་པའི་སྐོར་ཡུ་རོབ་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་སུ་བཅར་འདྲི་ཞུས་པ།
-
རྒྱ་ནག་གཞུང་གིས་འབྲི་རུ་མི་ཚང་ཞིག་ལ་དབྱར་རྩ་དགུན་འབུ་འཐུ་མི་ཆོག་པ་བཟོས་པའི་ཉེས་པ། - ཟླ་བ་དྲུག་པ། ༢༢, ༢༠༢༤
ཕྱི་ཕྱོགས་ནས་འབྲེལ་བ་བྱས་པའི་ཉེས་མིང་འོག་ཁམས་འབྲི་རུ་མི་ཚང་ཞིག་ལ་འདི་ལོ་དབྱར་རྩ་དགུན་འབུ་འཐུ་མི་ཆོག་པ་བཟོས་པའི་ཉེས་པ་བཏང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་རྒྱན་མཚན་ཆོས་གྲགས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་གནང་བའི་གནས་ཚུལ་དེ་སྙན་སྒྲོན་གནང་གི་རེད།
-
ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་གྱི་ཚོགས་གཙོས་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་ཅེས་གསལ་སྟོན། - ཟླ་བ་དྲུག་པ། ༢༡, ༢༠༢༤
ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་གནང་མཁན་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡེ་ཁེལ་ མེཀ་ཁོལ་གྱིས་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་ཅེས་བོད་དོན་ལ་ཚད་མཐོའི་རྒྱབ་སྐྱོར་ཡོད་པ་གསལ་སྟོན་གནང་བའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་གནང་གི་རེད།
-
༧གོང་ས་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་གྱི་འཁྲུངས་སྐར་ལ་འཚམས་འདྲི། - ཟླ་བ་དྲུག་པ། ༢༡, ༢༠༢༤
རྒྱ་གར་གྱི་སྲིད་འཛིན་ལྕམ་Droupadi Murmurམཆོག་ཁ་ས་རེས་གཟའ་ཕུར་བུའི་ཉིན་དགུང་ལོ་༦༦ལ་ཕེབས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀྲིས་བདེ་ལེཌ་ཀྱི་འཚམས་འདྲི་གནང་ཡོད་སྐོར་ཕུན་ཚོགས་ཚེ་རིང་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།
-
ཨ་རིའི་གྲོས་ཚོཊ་འཐུས་མིའི་སྐུ་ཚབ་ཚོགས་པས་༧གོང་ས་མཆོག་གི་མཇལ་ཁ་བརྒྱུད་བོད་དོན་ལ་རྒྱབ་སྐྱོར་གསལ་སྟོན། - ཟླ་བ་དྲུག་པ། ༢༠, ༢༠༢༤
རྒྱ་ནག་གཞུང་གི་དགག་བྱ་དང་ངོ་རྒོལ་སྐྱོན་བརྗོད་བྱེད་མིན་ལ་མ་བལྟོས་པར་ཨ་རིའི་གྲོས་ཚོཊ་ཀྱི་ཆེས་མཐོའི་སྐུ་ཚབ་ཚོཊ་པས་བཞུཊ་སྒར་རྡ་རམ་ས་ལར་ཆེད་མངགས་བཅར་ཏེ་༧གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་ཁ་ཞུས་པ་བརྒྱུད་བོད་དང་བོད་མི་མང་ལ་ཨ་རིའི་རྒྱབ་སྐྱོར་གཡོ་བ་མེད་པ་ཡོད་པ་གསལ་སྟོན་གནང་བའི་སྐོར།
-
རྒྱལ་མཚན་ནོར་བུ་རེབ་གོང་ལ་སླེབས་པའི་རྗེས་མངའ་ཁུལ་དགོན་པར་དམ་དྲག - ཟླ་བ་དྲུག་པ། ༡༧, ༢༠༢༤
༄༅།། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུ་རེབ་གོང་དུ་སླེབས་པ་དང་བསྟུན་རོང་བོ་དགོན་ཆེན་གཙོས་ས་གནས་སུ་དམ་དྲག་དང་བཀོད་སྒྲིག་མི་སྣས་བོད་ཆས་གྱོན་ཏེ་ཕེབས་བསུ་སོགས་བྱས་ཡོད་པའི་སྐོར་བལ་ཡུལ་ནས་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་དེ་སྙན་སྒྲོན་གནང་གི་རེད།
-
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་༧གོང་ས་མཆོག་གི་མཇལ་ཁར་བཅར་གྱི་ཡོད་པ།། - ཟླ་བ་དྲུག་པ། ༡༤, ༢༠༢༤
༄༅།། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་གནད་ཡོད་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བར་བཅར་གྱི་ཡོད་པའི་སྐོར་གྱི་གནས་ཚུལ་འདི་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
བོད་ནང་འགྲུལ་སྐྱོད་བྱེད་མཁན་ཨ་རི་བར་དམ་བསྒྲགས་ནན་པོ་བྱེད་བཞིན་ཡོད་པ། - ཟླ་བ་དྲུག་པ། ༡༢, ༢༠༢༤
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཞིབ་འཇུག་སྙན་ཐོ་གསར་པ་ཞིག་བཏོན་ཡོད་པའི་ནང་རྒྱ་ནག་གཞུང་གིས་བོད་ནང་སྐྱོད་མཁན་ཨ་རིའི་ཕྱི་འབྲེལ་མི་སྣ་དང་ལས་བྱེད་པ། དེ་བཞིན་བོད་མི་ཨ་རི་བར་མུ་མཐུད་དམ་བསྒྲགས་ནན་པོ་བྱེད་ཀྱི་ཡོད་པ་སྙན་ཐོའི་ནང་བཀོད་པའི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་གནང་གི་རེད།
-
གཞུང་ཆེན་རིས་མེད་བགྲོ་གླེང་ལས་རིམ་གྱི་གལ་གནད། - ཟླ་བ་དྲུག་པ། ༠༨, ༢༠༢༤
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་ཁམས་པ་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དྲུང་ཆེ་མཁན་པོ་འཇིགས་མེད་བློ་གྲོས་ལགས་དང་ལྷན་དུ་གཞུང་ཆེན་རིས་མེད་བགྲོ་གླེང་ལས་རིམ་གྱི་གལ་གནད་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད།
-
༧གོང་ས་མཆོག་ནས་སྲིད་བློན་ན་རེནྡྲ་མོ་དཱི་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་བ། - ཟླ་བ་དྲུག་པ། ༠༦, ༢༠༢༤
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་ ༦ ཚེས་ ༥ ཉིན་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དཱི་མཆོག་དང་། གཞུང་འཛིན་བི་ཇེ་པི་ཚོགས་པ་དང་།རྒྱལ་ཡོངས་མང་གཙོ་སྣ་སྦྲེལ་ཚོགས་པར་བསྐྱར་དུ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་སྐོར་བསྟན་འཛིན་དབང་འདུས་ལགས་ནས་སྙན་སྒྲོན་གནང་གི་རེད།
-
སྲིད་བློན་མོ་དྷི་ཡིས་༧གོང་ས་མཆོག་དང་བཀའ་མོལ་ཡང་ཡང་ཞུ་བཞིན་ཡོད་ཅེས་གསུངས་པ། - ཟླ་བ་ལྔ་པ། ༢༩, ༢༠༢༤
༄༅། ཉེ་ལམ་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་གནང་བའི་སྐབས་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་ཡང་ཡང་གནང་གི་ཡོད་ཅེས་གསུངས་ཡོད་པའི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་གནང་གི་རེད།
-
ཆང་གཞས་ཟླ་བའི་སྲས་མོ། - ཟླ་བ་ལྔ་པ། ༢༦, ༢༠༢༤
༄༅། །དེ་རིང་གིས་སོ་ཡ་ལའི་བོད་ཀྱི་གླུ་གར་རྒྱ་མཚོའི་ལས་རིམས་འདིའི་ནང་ཁེ་ཎ་ཌར་གཏན་གཞི་བྱས་པའི་གླུ་མ་གྲགས་ཅན་པ་སངས་ལྷ་མོ་ལགས་ཀྱིས་བཏང་བའི་ཆང་གཞས་ཟླ་བའི་སྲས་མོ་ཞེས་བཏང་བ་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕྱོགས་བསྒྲིགས་ཞུས་པ་དེ་གཤམ་ལ་གསན་རོགས་གནང་།
-
བྱ་རྒྱལ། བོད་ཀྱི་ཟློས་གར་རྔོན་པ་རུ་ཁག - ཟླ་བ་ལྔ་པ། ༢༤, ༢༠༢༤
༄༅། །དེ་རིང་གིས་སོ་ཡ་ལའི་བོད་ཀྱི་གླུ་གར་རྒྱ་མཚོའི་ལས་རིམས་འདིའི་ནང་བོད་ཀྱི་ཟློས་གར་རྔོན་པ་རུ་ཁག་གིས་གཞས་པ་ནོར་བུ་བསམ་འཕེལ་དང་། གཞས་མ་བསྟན་འཛིན་དབྱངས་འཛོམས་གཉིས་ཀྱིས་བཏང་བའི་བྱ་རྒྱལ་བོད་ལ་ཕེབས་དང་ཞེས་པའི་གླུ་གཞས་བཏང་བ་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕྱོགས་བསྒྲིགས་ཞུས་པ་དེ་གཤམ་ལ་གསན་རོགས་གནང་།
-
བོད་ནང་བཙན་དབང་གིས་གཞིས་སྤོས་བྱེད་བཅུག་གི་ཡོད་པའི་སྐོར་གྱི་སྙན་ཐོ། - ཟླ་བ་ལྔ་པ། ༢༤, ༢༠༢༤
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་ནས་བོད་ནང་གིི་ཞིང་འབྲོག་མང་ཚོགས་ཁྱོན་ཆེ་ཞིག་བཙན་དབང་གིས་གཞིས་སྤོས་བྱེད་དུ་བཅུག་གི་ཡོད་པའི་སྐོར་ཤོག་གྲངས་༧༡ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་ནས་ཕྱོགས་སྒྲིག་གནང་བ་ཞིག་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།
-
འཐུང་ཆུའི་འགྱིག་སྣོད་ཐོག་གར་སོང་ཆ་མེད་དུ་གྱུར་བ་པན་ཆེན་རིན་པོ་ཆེ་གློད་བཀྲོལ་ཡོང་བའི་ལས་འགུལ། - ཟླ་བ་ལྔ་པ། ༢༢, ༢༠༢༤
ཨོ་རི་གྷོན་མངའ་སྡེའི་གྲོང་ཁྱེར་པོ་ཊི་ལེན་ནང་ཡོད་པའི་ཨ་རིའི་ནུབ་བྱང་བོད་མའི་རིག་གཞུང་ཚོགས་པས་༡༩༩༥ནས་བཟུང་གར་སོང་ཆ་མེད་དུ་གྱུར་བ་པན་ཆེན་སྐུ་ཕྲེང་༡༡པ་མཆོག་མྱུར་དུ་གློད་བཀྲོལ་ཡོང་བའི་འབོད་སྐུལ་གྱི་ཞུ་ཡིག་འཁོད་པའི་འཐུང་ཆུའི་འགྱིག་དམ་རྒྱང་སྐྱོད་བྱེད་མཁན་རྣམས་ལ་བགོ་འགྲེམས་བྱས་པའི་གནས་ཚུལ་ཞིག
-
༧གོང་ས་མཆོག་གིས་ཐེ་ཝན་སྲིད་འཛིན་གསར་པར་འཚམས་འདྲིའི་གསུང་འཕྲིན་སྩལ་བ། - ཟླ་བ་ལྔ་པ། ༢༡, ༢༠༢༤
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་སྲིད་འཛིན་གསར་པར་འཚམས་འདྲིའི་གསུང་འཕྲིན་དང་། དེ་བཞིན་སྲིད་འཛིན་གསར་པའི་དམ་འབུལ་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱང་ལྷན་བཞུགས་གནང་ཡོད་པའི་སྐོར་བཞུགས་སྒར་ནས་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་པའི་གནས་ཚུལ་ཞིག་གསན་གྱི་རེད།
-
༧གོང་ས་མཆོག་ནས་དཱི་པངྐ་རའི་ཆོས་ཚོགས་ཀྱི་དད་ལྡན་པར་ལྗགས་ལུང་གནང་བ། - ཟླ་བ་ལྔ་པ། ༢༠, ༢༠༢༤
༧གོང་ས་མཆོག་ནས་ཁང་སེར་རིན་པོ་ཆེ་མཆོག་གི་སྣེ་འཁྲིད་པའི་དཱི་པངྐ་རའི་ཆོས་ཚོགས་ཀྱི་སློབ་མ་གཙོས་པའི་དད་ལྡན་མི་གྲངས་ ༤༣༠ བརྒལ་བར་བཞུགས་སྒར་གྱི་༧རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་གནང་བའི་སྐབས་བཀའ་སློབ་དང་སྦྲགས་ནས་སངས་རྒྱས་ཆོས་ཚོགས་མ་དང་དམིགས་བརྩེ་མའི་ལྗགས་ལུང་ཡང་སྩལ་གནང་མཛད་ཡོད་འདུག
-
བོད་མིའི་སྐུ་ཚབ་ཀྱིས་ཐེ་ཝན་གྱི་སྲིད་འཛིན་མཛད་སྒོར་མཉམ་ཞུགས། - ཟླ་བ་ལྔ་པ། ༢༠, ༢༠༢༤
༄༅།། ཐེ་ཝན་གཞུང་གིས་མགྲོན་འབོད་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་དབུ་ཁྲིད་ཁག་ཅིག་གིས་ཐེ་ཝན་གྱི་སྲིད་འཛིན་གསར་པའི་ལས་འཁུར་ཞུ་བའི་མཛད་སྒོར་མཉམ་ཞུགས་གནང་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
སྲིད་སྐྱོང་མཆོག་གི་ཧྥ་རན་སིའི་ནང་གི་མཛད་འཆར་ཁག་མཇུག་སྒྲིལ་ཡོད་པ། - ཟླ་བ་ལྔ་པ། ༡༩, ༢༠༢༤
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཧྥ་རན་སིའི་ནང་ཉིན་བཞི་ཙམ་རིང་གི་གཞུང་འབྲེལ་མཛད་འཆར་ཁག་མཇུག་སྒྲིལ་ནས་རྒྱ་གར་ལ་ཕྱིར་ལོག་གནང་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
We're indexing this podcast's transcripts for the first time — this can take a minute or two. We'll show results as soon as they're ready.
No matches for "" in this podcast's transcripts.
No topics indexed yet for this podcast.
Loading reviews...
ABOUT THIS SHOW
ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།
HOSTED BY
VOA
Loading similar podcasts...