པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། podcast artwork

PODCAST · news

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།

ཨ་རིའི་རླུང་འཕྲིན་ཁང་གིས་དམིགས་བསལ་ལས་རིམ་མང་པོ་ཞིག་པོ་ཊི་ཁ་སི་ལེ་ཚན་གྱི་ངོ་བོའི་ཐོག་རྒྱང་སྒྲོག་བྱེད་བཞིན་པ་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་སྡེ་ཚན་འདིར་ཡོངས་སུ་གསན་ཐུབ།

  1. 250

    སུད་ཌེན་ལ་བོད་ཕྲུག་ཐོག་མ། དུམ་བུ་གཉིས་པ། - ཟླ་བ་གཉིས་པ། ༢༦, ༢༠༢༥

    དེ་རིང་གི་ལས་རིམ་ནང་༡༩༦༣ལོར་རྒྱ་གར་ནས་བོད་ཕྲུག་ཁག་ཅིག་ཡོ་རོབ་ཀྱི་རྒྱལ་ཁབ་སུད་ཌེན་ལ་བཏང་བའི་ཁོངས་སུ་ཡོད་པའི་བསྟན་འཛིན་སྒྲོལ་དཀར་ལགས་ལྷན་དུ་སྐབས་དེའི་ལོ་རྒྱུས་དང་བོད་ནས་བཙན་བྱོལ་དུ་ཕེབས་སྐབས་ཀྱི་གནས་ཚུལ་སོགས་བགྲོ་གླེང་ཞུས་པའི་དུམ་བུ་གཉིས་པ་དེ་གསན་རོགས་གནང་།

  2. 249

    སུད་ཌེན་ལ་བོད་ཕྲུག་ཐོག་མ། - ཟླ་བ་གཉིས་པ། ༡༥, ༢༠༢༥

    དེ་རིང་གི་ལས་རིམ་ནང་༡༩༦༣ལོར་རྒྱ་གར་ནས་བོད་ཕྲུག་ཁག་ཅིག་ཡོ་རོབ་ཀྱི་རྒྱལ་ཁབ་ཌེན་མག་དང་སུད་ཌེན་ལ་བཏང་བའི་ཁོངས་སུ་ཡོད་པའི་བསྟན་འཛིན་སྒྲོལ་དཀར་ལགས་ལྷན་དུ་སྐབས་འདིའི་ལོ་རྒྱུས་དང་མྱོང་ཚོར་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

  3. 248

    སྙེ་མོའི་ཨ་ནེ་དང་གྱེན་ལངས་ལས་འགུལ། - ཟླ་བ་དང་པོ། ༡༥, ༢༠༢༥

    དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་དྲན་གསོའི་ལས་རིམ་ནང་དེ་སྔ་༡༩༦༩ལོའི་ནང་སྙེ་མོ་རྫོང་དུ་ཨ་ནེ་འཕྲིན་ལས་ཆོས་སྒྲོན་གྱིས་དབུ་ཁྲིད་དེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་གྱེན་ལངས་གཞི་རྒྱ་ཆེ་བ་ཞིག་བྱས་ཡོད་པའི་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

  4. 247

    ཞི་སྲས་ཚང་བདེ་སྐྱིད་ལགས།དུམ་བུ་གཉིས་པ། - ཟླ་བ་དང་པོ། ༠༡, ༢༠༢༥

    དེ་རིང་གི་ལས་རིམ་ནང་ཞི་སྲས་ཚང་བདེ་སྐྱིད་ལགས་ལྷན་དུ་༡༩༦༤ ལོར་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་ཁྲོད་ཀྱི་བོད་ཕྲུག་ཁག་ཅིག་སུད་སིར་བུ་ཚབ་ཏུ་བཏང་བའི་སྐབས་ཀྱི་མྱོང་ཚོར་དང་ཡོ་རོབ་བོད་ཀྱི་གཞོན་ནུ་ཚོགས་པ་ཐོག་མར་བཙུགས་པའི་ལོ་རྒྱུས་སོགས་གླེང་མོལ་ཞུ་ཡི་ཡིན།

  5. 246

    ཕལ་སྐད་གླེང་མོལ། བོད་རང་བཙན་ཆེད་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་འགན་འཛིན་འཆི་མེད་ལྷ་མོ། - ཟླ་བ་བཅུ་གཉིས། ༣༡, ༢༠༢༤

    ༄༅། ཐེངས་འདིའི་ང་ཚོའི་ཕལ་སྐད་གླེང་མོལ་པོ་ཌ་ཁ་སེ་ལེ་ཚན་ནང་གཞོན་སྐྱེས་ནུས་སྟོབས་གོང་འཕེལ་དང་འབྲེལ་བའི་གནད་དོན་ཐད་ལེ་ཚན་གཙོ་སྐྱོང་བ་པདྨ་བདེ་ཆེན་ལགས་ཀྱིས་ བོད་རང་བཙན་ཆེད་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་འགན་འཛིན་འཆི་མེད་ལྷ་མོ་ལགས་དང་གླེང་མོལ་ཞུས་པ་ཞིག་གསན་གྱི་རེད།

  6. 245

    ཞི་སྲས་ཚང་བདེ་སྐྱིད་ལགས། - ཟླ་བ་བཅུ་གཉིས། ༢༥, ༢༠༢༤

    དེ་རིང་གི་ལས་རིམ་ནང་ཞི་སྲས་ཚང་བདེ་སྐྱིད་ལགས་ལྷན་དུ་༡༩༥༦ ལོར་བོད་ནས་རྒྱ་གར་དུ་དབྱིན་ཇིའི་སློབ་གྲྭར་སློབ་སྦྱོང་ལ་ཕེབས་པའི་བོད་ཕྲུག་ཞིག་ནས་གློ་བུར་དུ་རྒྱལ་ཁབ་ཤོར་བའི་བཙན་བྱོལ་བ་ཞིག་ཆགས་པའི་མི་ཚེའི་ལོ་རྒྱུས་སྐོར་གླེང་མོལ་ཞུ་ཡི་ཡིན།

  7. 244

    སེར་བྱེས་མཁན་ཟུར་རྗེ་བཙུན་བློ་བཟང་དཔལ་ལྡན་མཆོག - ཟླ་བ་བཅུ་གཉིས། ༡༡, ༢༠༢༤

    དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དཔལ་ལྡན་དཔལ་བཟང་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་གང་ཉིད་ཀྱི་སློབ་མ་དགེ་བཤེས་ངག་དབང་བཟོད་པ་ལགས་ལ་བཅའ་འདྲི་ཞུས་པའི་དུམ་བུ་གཉིས་པ་དེ་གསན་རོགས་གནང་།

  8. 243

    སེར་བྱེས་མཁན་ཟུར་རྗེ་བཙུན་བློ་བཟང་དཔལ་ལྡན་མཆོག - ཟླ་བ་བཅུ་གཉིས། ༠༣, ༢༠༢༤

    དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དཔལ་ལྡན་དཔལ་བཟང་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་གང་ཉིད་ཀྱི་སློབ་མ་དགེ་བཤེས་ངག་དབང་བཟོད་པ་ལགས་ལ་བཅའ་འདྲི་ཞུས་པའི་དུམ་བུ་དང་པོ་དེ་གསན་རོགས་གནང་།

  9. 242

    ནང་ཆོས་དར་སྤེལ་དང་སྤྱི་ཚོགས་ཞབས་ཞུ། - ཟླ་བ་བཅུ་གཅིག་པ། ༢༦, ༢༠༢༤

    དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་ཨ་རིའི་ནང་བཅའ་བཞུགས་སེར་བྱེས་ཧྲེ་ཧོར་དགེ་བཤེས་ངག་དབང་འཕྲིན་ལས་ལགས་ལྷན་དུ་གདན་སར་སློབ་གཉེར་གྱི་གྲུབ་འབྲས་རྣམས་ནུབ་ཕྱོགས་སུ་དར་སྤེལ་དང་སྤྱི་ཚོགས་ལ་ཞབས་ཞུ་གྲུབ་པའི་ཉམ་མྱོང་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

  10. 241

    བོད་ནས་རྒྱ་གར་དུ་གདན་སར་སློབ་གཉེར། - ཟླ་བ་བཅུ་གཅིག་པ། ༡༩, ༢༠༢༤

    མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་ལོ་རབས་དགུ་བཅུའི་ནང་བོད་ནས་རྒྱ་གར་ལྷོ་ཕྱོགས་སུ་གདན་སར་སློབ་གཉེར་དུ་འབྱོར་བའི་སྐབས་ཀྱི་མྱོང་ཚོར་སྐོར་ཨ་རིར་བཅའ་བཞུགས་སེར་བྱེས་ཧྲེ་ཧོར་དགེ་བཤེས་ངག་དབང་འཕྲིན་ལས་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

  11. 240

    གསར་འབྱོར་སློབ་ཕྲུག་གི་མི་ཚེ། - ཟླ་བ་བཅུ་གཅིག་པ། ༡༢, ༢༠༢༤

    དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་སྤྱི་ལོ་བརྒྱད་ཅུ་དང་དགུ་བཅུའི་ནང་བོད་ནས་རྒྱ་གར་དུ་འབྱོར་བའི་གསར་འབྱོར་སློབ་ཕྲུག་ཞིག་གི་སློབ་སྦྱོང་དང་འཚོ་བའི་ཉམས་མྱོང་སྐོར་ནེའུ་ཡོག་ཏུ་ཡོད་པའི་བློ་བཟང་ཆོས་འཕེལ་ལགས་དང་བགྲོ་གླེང་ཞུས་པའི་དུམ་བུ་གཉིས་པ་དེ་གསན་རོགས་གནང་།

  12. 239

    ཤེས་ཡོན་གོ་སྐབས་ཆེད་བྲོས་བྱོལ། - ཟླ་བ་བཅུ་པ། ༢༩, ༢༠༢༤

    དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་སྤྱི་ལོ་བརྒྱད་ཅུ་དང་དགུ་ཅུ་ལོའི་ནང་བོད་ནས་བྱིས་པ་ལོ་ཆུང་ཁྱོན་ཆེ་ཞིག་རྒྱ་གར་ལ་སློབ་སྦྱོང་ཆེད་དུ་གསང་བས་བྲོས་བྱོལ་དུ་ཡོང་བའི་སྐབས་ཀྱི་མྱོང་ཚོར་སྐོར་ནེའུ་ཡོག་ཏུ་ཡོད་པའི་བློ་བཟང་ཆོས་འཕེལ་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

  13. 238

    ཨོ་གླིང་དུ་ཡོད་པའི་སྐུ་ཞབས་བག་གྲོ་ལགས། - ཟླ་བ་བཅུ་པ། ༢༢, ༢༠༢༤

    དེ་རིང་གི་ལས་རིམ་ནང་ཨོ་གླིང་དུ་ཡོད་པའི་སྐུ་ཞབས་བག་གྲོ་ལགས་དང་ལྷན་དུ་བགྲོ་གླེང་ཞུས་པའི་དུམ་བུ་གཉིས་པ་འདིའི་ནང་༡༩༨༢ལོར་ལྷ་སར་པན་ཆེན་རིན་པོ་ཆེ་མཆོག་ཐོག་མར་མཇལ་བའི་སྐབས་ཀྱི་གནས་ཚུལ་ལ་དྲན་གསོ་གནང་བ་ཞིག་གནས་རོགས་གནང་།

  14. 237

    ཨོ་གླིང་དུ་ཡོད་པའི་སྐུ་ཞབས་བག་གྲོ་ལགས། - ཟླ་བ་བཅུ་པ། ༡༥, ༢༠༢༤

    དེ་རིང་གི་ལས་རིམ་ནང་ཨོ་གླིང་དུ་ཡོད་པའི་སྐུ་ཞབས་བག་གྲོ་ལགས་ལྷན་དུ་བོད་ནང་རིག་གནས་གསར་བརྗེའི་སྐབས་སུ་དགའ་ལྡན་དགོན་པའི་ཉེ་འགྲམ་གྱི་ཞིང་གྲོང་ཞིག་ནང་ཚར་ལོངས་གནང་བའི་མྱོང་ཚོར་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

  15. 236

    ཕལ་སྐད་གླེང་མོལ་པོ་ཌ་ཁ་སེ་ལེ་ཚན།  - ཟླ་བ་བཅུ་པ། ༠༣, ༢༠༢༤

    བོད་མིའི་ཁྲིམས་བཟོའི་ལས་དོན་དང་འབྲེལ་བའི་གནད་དོན་ཁག་ཅིག་དང་ ཉེ་ཆར་ཨ་རིའི་གྲོས་ཚོགས་འཐུས་མི་འཇིམ། མེཀ་གྷ་ཝན་ལ་བཀྲིན་རྗེས་དྲན་གྱི་མཛད་སྒོ་གཟབ་རྒྱས་ཤིག་གོ་སྒྲིག་ཞུས་པ་བཅས་ཀྱི་ཐོག་འབྲེལ་ཡོད་སྐབས་བཅུ་བདུན་པའི་ལྷོ་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་དང་ལྷན་གླེང་མོལ་ཞུས་པ་ཞིག་གསན་གྱི་རེད།

  16. 235

    དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ། - ཟླ་བ་དགུ་པ། ༡༧, ༢༠༢༤

    དེ་རིང་གི་ལས་རིམ་ནང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ལྷན་དུ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པའི་རྗེས་སུ་སློབ་གཉེར་གྱི་གོ་སྐབས་གསར་དུ་ཐོབ་པ་སོགས་ཀྱི་མྱོང་ཚོར་སྐོར་གླེང་མོལ་ཞུས་པ་དེ་གསན་རོགས་གནང་།

  17. 234

    ཕལ་སྐད་གླེང་མོལ་པོ་ཌ་ཁ་སེ་ཡི་ལེ་ཚན། - ཟླ་བ་དགུ་པ། ༡༥, ༢༠༢༤

    ༄༅། ཐེངས་འདིའི་ང་ཚོའི་ཕལ་སྐད་གླེང་མོལ་པོ་ཌ་ཁ་སེ་ཡི་ལེ་ཚན་ནང་ཉེ་ཆར་བགྲེས་ཡོལ་ལ་ཕེབས་པའི་ང་ཚོའི་ལས་བྱེད་ཀུན་བཟང་སྒྲོལ་མ་ལགས་དང་ལྷན་དུ་ལེ་ཚན་འདི་དང་། དེ་བཞིན་ཁོང་གིས་འདས་པའི་ལོ་མང་རིང་དམིགས་བསལ་ཆེད་བསྒྲིགས་ལེ་ཚན་གོ་སྒྲིག་གནང་པ་བཅས་ཀྱི་ཉམས་མྱོང་སྐོར་ལ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

  18. 233

    དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ། དུམ་བུ་གཉིས་པ། - ཟླ་བ་དགུ་པ། ༡༠, ༢༠༢༤

    དེ་རིང་གི་ལས་རིམ་ནང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ལྷན་དུ་མའོ་ཤི་བའི་སྐབས་དང་བསྒྱུར་བཅོས་གུ་ཡངས་ཟེར་བའི་སྲིད་ཇུས་ལག་ལེན་སྐབས་མཐོང་ཐོས་ཀྱི་གནས་ཚུལ་གླེང་མོལ་ཞུས་པ་དེ་གསན་རོགས་གནང་།

  19. 232

    དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ། - ཟླ་བ་དགུ་པ། ༠༣, ༢༠༢༤

    དེ་རིང་གི་ལས་རིམ་ནང་ ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ལྷན་དུ་རིག་གནས་གསར་བརྗེའི་སྐབས་ཚར་ལོངས་བྱུང་བའི་མྱོང་ཚོར་སྐོར་བགྲོ་གླེང་ཞུས་པ་གསན་རོགས།

  20. 231

    སཱི་ཤེས་ཡོན་གྱི་ཐོག་མའི་དགོངས་པ་སུའི་ཡིན་དང་ད་ཆ་བསླབ་གཞི་དེ་འཛམ་གླིང་ནང་ཁྱབ་བརྡལ་འགྲོ་བཞིན་པའི་སྐོར། - ཟླ་བ་བརྒྱད་པ། ༣༠, ༢༠༢༤

    ༧གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་རིག་པའི་གཞུང་ལུགས་འདིས་དེང་སང་གི་འཛམ་གླིང་ནང་ཕན་ཐོགས་ཡོད་སྟངས་དང་ བསླབ་གཞི་འདིའི་སྐོར་ལ་ཨི་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་སློབ་གསོའི་ལས་གཞིའི་འགན་འཛིན་གཞོན་པ་བརྩོན་འགྲུས་བསམ་འཕེལ་ལགས་ཀྱི་ལྷན་དུ་གླེང་མོལ་ཞུས་པ་ཞིག་གསན་གྱི་རེད།

  21. 230

    བཙན་བྱོལ་ནང་གི་མི་ཚེ། དུམ་བུ་གཉིས་པ། - ཟླ་བ་བརྒྱད་པ། ༢༧, ༢༠༢༤

    དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་བསོད་ནམས་རྫོགས་སངས་ལགས་ལྷན་དུ་རྒྱ་གར་ལ་བཙན་བྱོལ་དུ་ཐོག་མར་འབྱོར་བའི་སྐབས་ཀྱི་འཚོ་བའི་གནས་སྟངས་དང་སློབ་སྦྱོང་གི་གོ་སྐབས་སོགས་ཀྱི་མྱོང་ཚོར་གླེང་མོལ་ཞུས་པའི་དུམ་བུ་གཉིས་པ་དེ་གསན་རོགས་གནང་།

  22. 229

    བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ། བསོད་ནམས་རྫོགས་སངས། - ཟླ་བ་བརྒྱད་པ། ༢༠, ༢༠༢༤

    དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་བསོད་ནམས་རྫོགས་སངས་ལགས་ལྷན་དུ་རྒྱ་གར་ལ་བཙན་བྱོལ་དུ་ཐོག་མར་འབྱོར་བའི་སྐབས་ཀྱི་འཚོ་བའི་གནས་སྟངས་དང་སློབ་སྦྱོང་གི་གོ་སྐབས་སོགས་ཀྱི་མྱོང་ཚོར་སྐོར་གླེང་མོལ་ཞུ་ཡི་ཡིན།

  23. 228

    སྟོང་ཉིད་སྒོམ་པ་ཡིན་ན་སྙིང་རྗེ་ཆེ་རུ་དང་ཉོན་མོངས་ཆུང་དུ་འགྲོ་གི་ཡོད་པ། - ཟླ་བ་བརྒྱད་པ། ༢༠, ༢༠༢༤

    ༄༅། སྟོང་ཉིད་ཡང་ན་ རྟེན་འབྲེལ་གྱི་རྣམ་བཞག་ལ་སྒོམ་ཉམས་ལེན་བྱེད་པ་ཡིན་ན་ ཉོན་མོངས་ཆུང་དུ་དང་ སྙིང་རྗེ་ཆེ་རུ་འགྲོ་རྒྱུ་ལ་ཕན་ཐོགས་ཡོད་པ་བཅས་ཀྱི་སྐོར་ལ་འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ ཚན་རིག་ལྟེ་གནས་ཁང་གི་སློབ་དགེ་དགེ་བཤེས་དགེ་ལེགས་རྒྱ་མཚོ་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་གྱི་རེད།

  24. 227

    ཕལ་སྐད་གླེང་མོལ་པོ་ཌ་ཁ་སེ་ལེ་ཚན། སློབ་ཕྲུག་གིས་སྣེ་ཁྲིད་བྱས་ཏེ་ངོ་རྒོལ། - ཟླ་བ་བརྒྱད་པ། ༡༦, ༢༠༢༤

    ༄༅། ཐེངས་འདིའི་ཕལ་སྐད་གླེང་མོལ་པོ་ཌ་ཁ་སེ་ལེ་ཚན་ནང་ ཉེ་ཆར་བྷང་ལ་དེཤེ་ནང་སློབ་ཕྲུག་གིས་སྣེ་ཁྲིད་བྱས་ཏེ་ངོ་རྒོལ་སྤེལ་བའི་མཐར་སྲིད་གཞུང་ལ་འགྱུར་ལྡོག་སོང་བ་དེ་ཐེ་བའི་ འཛམ་གླིང་ནང་གཞོན་སྐྱེས་ཀྱིས་སྣེ་ཁྲིད་བྱས་པའི་ལས་འགུལ་དེ་འདྲ་རིམ་པ་ཞིག་བྱུང་པའི་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང།

  25. 226

    བྱང་ཨ་རིའི་བོད་པའི་གཞོན་སྐྱེས་ཚོར་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཉིན་གསུམ་མཇུག་བསྒྲིལ་བ། - ཟླ་བ་བརྒྱད་པ། ༠༦, ༢༠༢༤

    ༄༅། ཕྱི་ཟླ་༨པའི་ཚེས་༢ནས་༤བར་ཉིན་གྲངས་གསུམ་རིང་བྱང་ཨ་རིའི་བོད་པའི་གཞོན་སྐྱེས་ཚོར་དམིགས་པའི་སཱི་ཤེས་ཡོན་བསླབ་གཞིའི་ཟབ་སྦྱོང་ཞིག་གྲོང་ཁྱེར་ནིའུ་ཡོག་ཏུ་ཚོགས་པ་དེ་ལེགས་གྲུབ་ངང་མཇུག་བསྒྲིལ་གནང་བ་ཞིག་གསན་རོགས་གནང་།

  26. 225

    ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལྕམ་ཀ་མ་ལ་ཧེ་རི་སི་ཡི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད། - ཟླ་བ་བརྒྱད་པ། ༠༢, ༢༠༢༤

    ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནང་ལྕམ་ཀ་མ་ལ་ཧེ་རི་སི་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་ཆགས་སྲིད་པར་བརྟེན་ ད་རིང་གི་ཕལ་སྐད་གླེང་མོལ་ནང་ ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་ བྱས་རྗེས་ དེ་བཞིན་ཕྱི་འབྲེལ་དང་ རྒྱལ་ནང་གི་སྲིད་བྱུས་ཐད་ཀྱི་བཞེངས་ཕྱོགས་བཅས་ཀྱི་སྐོར་ལ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

  27. 224

    ཡིད་མི་བདེ་བ་འགོག་ཐབས་སྙིང་བསྡུས། - ཟླ་བ་བདུན་པ། ༢༣, ༢༠༢༤

    ༄༅། རྡ་རམ་ས་ལའི་རིག་ལམ་སློབ་གཉེར་ཁང་གི་དཔེ་ཁྲིད་སློབ་དགེའམ་ཡང་ན་ རྒྱ་གར་དང་བལ་ཡུལ་བཅས་ཀྱི་ནང་པའི་དད་ལྡན་པ་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་མཁན་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་ཡིད་མི་བདེ་བ་འགོག་ཐབས་བྱེད་ཕྱོགས་སྙིང་བསྡུས་གསུང་པ་ཞིག་གསན་གྱི་རེད།

  28. 223

    བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་འདིའི་དོན་སྙིང་དང་ནང་དོན། - ཟླ་བ་བདུན་པ། ༢༡, ༢༠༢༤

    ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཕལ་སྐད་གླེང་མོལ་ཕོ་ཌ་ཁ་སེ་ལེ་ཚན་ནང་ཉེ་ཆར་ཕྱི་ལོ་༢༠༢༤ཕྱི་ཟླ་༧ཚེས་༡༢ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་མཚན་རྟགས་བཀོད་དེ་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་འདི་ཨ་རིའི་ཁྲིམས་སུ་བཅད་པ་ལྟར་དེའི་གནད་འགག་དང་ནང་དོན་སྐོར་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།

  29. 222

    བཙན་བྱོལ་གྱི་མི་ཚེའི་འགྲུལ་བཞུད། - ཟླ་བ་བདུན་པ། ༡༦, ༢༠༢༤

    དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་ཨ་རིར་བཅའ་བཞུགས་བོད་དོན་ལས་འགུལ་བ་བསྟན་པ་འཇམ་དབྱངས་ལགས་ལྷན་དུ་བཙན་བྱོལ་ནང་གི་མི་ཚེའི་ལོ་རྒྱུས་དང་མྱོང་ཚོར་སྐོར་ལ་བགྲོ་གླེང་ཞུ་ཡི་ཡིན།

  30. 221

    བོད་པའི་དགེ་འདུན་པ་གསུམ་གྱིས་སཱི་ཤེས་ཡོན་དང་འབྲེལ་བའི་ཤེས་བྱ་བརྗེ་རེས་ཀྱི་ལས་གཞི་མཇུག་བསྒྲིལ་བ། - ཟླ་བ་བདུན་པ། ༡༦, ༢༠༢༤

    རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེ་ར་བྱེས་ཀྱི་དགེ་འདུན་པ་ཅིག་དང་ བཀྲིས་ལྷུན་པོའི་དགེ་བཤེས་ཅིག་ དེ་བཞིན་དགའ་ལྡན་དགོན་པའི་དགེ་བཤེས་ཅིག་ཁོང་གསུམ་གྱིས་དུས་ཡུན་ཟླ་བ་གསུམ་ཙམ་ཞིག་རིང་ཨ་རིའི་གྲོང་ཁྱེར་ཁེ་ལི་པྷོར་ནི་ཡའི་གཙུག་ལག་སློབ་གཉེར་ཁང་དུ་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་མཇུག་བསྒྲིལ་ཟིན་པའི་སྐོར།

  31. 220

    ཟླ་བ་གཅིག་རིང་དབྱར་ཁའི་རྒྱུན་འཁྱོང་རིམ་པའི་ཚན་རིག་ཟབ་སྦྱོང་མཇུག་བསྒྲིལ་བ། - ཟླ་བ་བདུན་པ། ༠༥, ༢༠༢༤

    རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མོན་སྒོར་དུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་དུ་ཨི་མོ་རི་དང་ བོད་ཀྱི་ཚན་རིག་ལས་རིམ་དང་ འབྲས་སྤུངས་བློ་གསལ་གླིང་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་ཟུང་འབྲེལ་གོ་བསྒྲིགས་འོག་འདི་ལོའི་དབྱར་ཁའི་རྒྱུན་འཁྱོང་རིམ་པའི་ཚན་རིག་ཟབ་སྦྱོང་ཞིག་ཟླ་བ་གཅིག་རིང་གནང་ཡོད་པ།

  32. 219

    ༥༩ ལོར་རྒྱ་གར་སྦག་སར་དཀའ་སྡུག་ཁྲོད་སློབ་གཉེར། - ཟླ་བ་བདུན་པ། ༠༢, ༢༠༢༤

    དེ་རིང་གི་ལས་རིམ་ནང་༥༩ལོར་བོད་ནས་བཙན་བྱོལ་དུ་ཕེབས་པའི་དགེ་འདུན་པ་མང་པོ་ཞིག་རྒྱ་གར་གྱི་སྦག་སར་འབྱོར་ནས་དཀའ་སྡུག་གི་ཁྲོད་དུ་མུ་མཐུད་དེ་སློབ་གཉེར་གནང་བའི་མྱོང་ཚོར་སྐོར་སུད་སི་རི་ཀོན་ཆོས་འཁོར་དགོན་གྱི་ཆོས་མཛད་བསྟན་འཛིན་ཕུན་ཚོགས་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

  33. 218

    སཱི་ཤེས་ཡོན་ནང་ནང་པའི་བློ་སྦྱོང་གི་ནང་དོན་ག་རེ་ག་རེ་ཚུད་ཡོད་མེད། - ཟླ་བ་བདུན་པ། ༠༢, ༢༠༢༤

    ༄༅། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་སཱི་ཤེས་ཡོན་གྱི་ནང་། ནང་པ་སངས་རྒྱས་པའི་བློ་སྦྱོང་གི་ནང་དོན་ག་རེ་ག་རེ་ཚུད་ཡོད་མེད་དགེ་བཤེས་ཡེ་ཤེས་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་པ་ཞིག་གསན་གྱི་རེད།

  34. 217

    ༥༩ ལོར་བྲོས་བྱོལ་སྐབས་ཀྱི་དཀའ་ངལ་ལ་དྲན་གསོ། - ཟླ་བ་དྲུག་པ། ༢༥, ༢༠༢༤

    དེ་རིང་གི་ལས་རིམ་ནང་༥༩ལོར་རྒྱ་ནག་གིས་ལྷ་སའི་ནང་མེ་སྒྱོགས་ཤུགས་ཆེ་བརྒྱབ་པའི་སྐབས་སུ་སེ་ར་དགོན་པ་ནས་བྲོས་བྱོལ་དུ་ཕེབས་པའི་སྐབས་ཀྱི་གནས་ཚུལ་སྐོར་སུད་སི་རི་ཀོན་ཆོས་འཁོར་དགོན་གྱི་ཆོས་མཛད་བསྟན་འཛིན་ཕུན་ཚོགས་ལགས་ནས་དྲན་གསོ་གནང་བ་ཞིག་གསན་རོགས་གནང་།

  35. 216

    བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་སྐོར་གླེང་བ། - ཟླ་བ་དྲུག་པ། ༢༢, ༢༠༢༤

    ༄༅། ཐེངས་འདིའི་ཕལ་སྐད་གླེང་མོལ་ཕོ་ཌ་ཁ་སེ་ལེ་ཚན་ནང་པདྨ་བདེ་ཆེན་ལགས་ཀྱིས་ཟླ་བ་འདིའི་ནང་ཨ་རིའི་གྲོས་ཚོགས་ཀྱིས་མང་མོས་ཚད་མཐོའི་ཐོག་ནས་གཏན་འབེབས་བྱས་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་གནད་འགག་དང་རྗེས་འབྲས་ཐོག་འབྲེལ་ཡོད་ལ་བཅའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།

  36. 215

    ལྷ་སའི་ཉ་རོང་ཤར་སློབ་གྲྭ - ཟླ་བ་དྲུག་པ། ༡༨, ༢༠༢༤

    དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་རྒྱ་ནག་གིས་བོད་ལ་བཙན་འཛུལ་མ་བྱས་སྔོན་ལ་ལྷ་སའི་ནང་དུ་ཡོད་པའི་ཉ་རོང་ཤར་སློབ་གྲྭར་སློབ་སྦྱོང་གནང་བའི་མྱོང་འཚོར་སྐོར་སུད་སི་རི་ཀོན་ཆོས་འཁོར་དགོན་གྱི་ཆོས་མཛད་བསྟན་འཛིན་ཕུན་ཚོགས་ལགས་ལྷན་དུ་བགྲོ་གླེང་ཞུ་ཡི་ཡིན།

  37. 214

    སཱི་ཤེས་ཡོན་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེ་སྦྱོང་བརྡར་གྱི་ཟབ་སྦྱོང་མཇུག་བསྒྲིལ་བ། - ཟླ་བ་དྲུག་པ། ༠༧, ༢༠༢༤

    ཉེ་ལམ་བཞུགས་སྒར་རྡ་རམ་ས་ལར་ཉིན་གྲངས་ལྔའི་རིང་སཱི་ཤེས་ཡོན་སློབ་གསོ་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེ་སྦྱོང་བརྡར་གྱི་ཟབ་སྦྱོང་མཇུག་བསྒྲིལ་གནང་བའི་གནས་ཚུལ་ཞིག་གསན་གྱི་རེད།

  38. 213

    རྒྱ་ནག་གི་དྲུག་བཞི་ཕྱིར་དྲན། - ཟླ་བ་དྲུག་པ། ༠༥, ༢༠༢༤

    རྒྱ་ནག་གཞུང་གིས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་ནས་མི་ལོ་༣༥་ཕྱིན་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་རྒྱ་ནག་གི་དམངས་གཙོའི་ལས་འགུལ་དེར་ཕྱིར་དྲན་སོགས་ཀྱི་གནས་ཚུལ་ཁག་ཅིག་ཞུ་ཡི་ཡིན།།

  39. 212

    ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་གྲྭ་བཙུན་སློབ་གཉེར་བའི་ཞིབ་འཇུག་ཚོགས་འདུར་བཞུགས་པའི་ཉམས་མྱོང་། - ཟླ་བ་དྲུག་པ། ༠༤, ༢༠༢༤

    ༄༅། ཉེ་དུས་བཞུགས་སྒར་རྡ་རམ་ས་ལར་ཉིན་གྲངས་བཞིའི་རིང་ཨེ་མོ་རི་དང་ བོད་ཀྱི་ཚན་རིག་ལས་རིམ་གྱི་གྲྭ་བཙུན་སློབ་གཉེར་བའི་ཞིབ་འཇུག་ཚོགས་འདུའི་ནང་མཉམ་བཞུགས་གནང་མཁན་གཉིས་ཀྱི་མྱོང་ཚོར་དང་ཕན་ཐོགས་ཇི་བྱུང་སྐོར་གསུང་པ་ཞིག་གསན་གྱི་རེད།

  40. 211

    རིག་གསར་སྐབས་གྲལ་རིམ་དབྱེ་འབྱེད་འོག་དཀའ་ངལ། - ཟླ་བ་དྲུག་པ། ༠༣, ༢༠༢༤

    མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་རྒྱ་ནག་གཞུང་གི་གྲལ་རིམ་དབྱེ་འབྱེད་ཀྱི་སྲིད་ཇུས་འོག་རིག་གནས་གསར་བརྗེའི་སྐབས་ཀྱི་བོད་མིའི་མི་རབས་གཅིག་ལ་དཀའ་ངལ་ཚད་མེད་བྱུང་བའི་མྱོང་འཚོར་སྐོར་ཞི་སྲས་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་བགྲོ་གླེང་ཞུས་པའི་དུམ་བུ་གཉིས་པ་དེ་གསན་རོགས་གནང་།

  41. 210

    གནས་རི་ཨ་མྱེས་རྨ་ཆེན་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཤུགས་ཆེར་སོང་ཡོད་པ། - ཟླ་བ་དྲུག་པ། ༠༢, ༢༠༢༤

    བོད་མདོ་སྨད་མགོ་ལོག་རྨ་ཆེན་རྫོང་ཁོངས་སུ་ཡོད་པའི་ཨ་མྱེས་རྨ་ཆེན་ནི། བོད་ཀྱི་གནས་ཆེན་གངས་རི་བཞི་ཡི་ཡ་གྱལ་ཞིག་ཡིན་ཞིང་། དེང་སྐབས་གོ་ལའི་ཚ་དྲོད་མཐོ་རུ་འགྲོ་གི་ཡོད་པའི་ཁར། རྒྱ་ནག་གཞུང་གིས་དེ་ཁུལ་དུ་གཏེར་ཁ་སྔོག་འདོན་ཁག་ལ་བརྟེན་ནས་རི་བོའི་ཁོར་ཡུག་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་ཡོང་གི་ཡོད་པའི་སྐོར།

  42. 209

    རྩོམ་སྒྲིག་པའི་གཏམ་ཚོགས། ༢༠༢༣ ལོའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ། - ཟླ་བ་དྲུག་པ། ༠༢, ༢༠༢༤

    ཐེངས་འདིའི་རྩོམ་སྒྲིག་པའི་གཏམ་ཚོགས་པོ་ཊི་ཁ་སི་ལས་རིམ་ནང་། ཕྱི་ཟླ་བཞི་བའི་ཚེས་༢༢ ཉིན་སྤེལ་བའི་འཛམ་གླིང་གང་སའི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོའི་ཁྲོད་ཀྱི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་དམིགས་བསལ་ག་རེ་འཁོད་ཡོད་པ་པདྨ་རྡོ་རྗེ་ལགས་ཀྱིས་མདོར་ཙམ་ངོ་སྤྲོད་ཞུས་ཡོད།།

  43. 208

    རྒྱ་ནག་གཞུང་གིས་རིག་གནས་གསར་བརྗེའི་སྐབས་ཀྱི་བོད་མི་མི་རབས་གཅིག་ལ་དཀའ་ངལ། - ཟླ་བ་ལྔ་པ། ༢༨, ༢༠༢༤

    དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་རྒྱ་ནག་གཞུང་གི་གྲལ་རིམ་དབྱེ་འབྱེད་ཀྱི་སྲིད་ཇུས་འོག་རིག་གནས་གསར་བརྗེའི་སྐབས་ཀྱི་བོད་མིའི་མི་རབས་གཅིག་ལ་དཀའ་ངལ་ཚད་མེད་བྱུང་བའི་མྱོང་འཚོར་སྐོར་ཞི་སྲས་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

  44. 207

    སྒོམ་གྲུབ་ཉམས་ལེན་གྱིས་ཕན་ཡོན་སྐོར་གྱི་ཚོགས་འདུ་དང་ཟབ་སྦྱོང་། - ཟླ་བ་ལྔ་པ། ༢༨, ༢༠༢༤

    ༄༅། ཉེ་ལམ་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་དུ་ཉིན་བཞིའི་རིང་སྒོམ་གྲུབ་ཉམས་ལེན་གྱིས་ཕན་ཡོན་ཇི་བྱུང་སྐོར་ལ་ཚན་རིག་པ་དང་ནང་པའི་དགེ་འདུན་པ་དང་བཙུན་མ་ཚོའི་དབར་བགྲོ་གླེང་ཚོགས་འདུ་དང་ཟབ་སྦྱོང་ཞིག་གནང་ཡོད་པ་བཅས་ཀྱི་སྐོར་ལ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་པ་ཞིག་གསན་གྱི་རེད།

  45. 206

    རྒྱ་མཚོར་མངོན་མེད་ཀྱིས་གནོད་འཚེ་སྐྱེལ་མཁན་འགྱིག་རིགས་རྩ་མེད་བཟོ་རྒྱུར་འབད་རྩོལ། - ཟླ་བ་ལྔ་པ། ༢༦, ༢༠༢༤

    སའི་གོ་ལའི་སྟེང་གི་མི་རྣམས་ཀྱིས་འགྱིག་ཚིས་བཟོས་པའི་ཅ་དངོས་ཁག་ལས་བྱུང་བའི་གད་སྙིགས་བརྒྱ་ཆ་༨༠ ཙམ་ཞིག་རྒྱ་མཚོའི་ནང་སླེབས་ཀྱི་ཡོད་ཅིང་། དེ་ཚོས་རྒྱ་མཚོའི་སྲོག་ཆགས་གྲངས་ལས་འདས་པར་མངོན་གསལ་མེད་པའི་སྒོ་ནས་ཉེན་ཁ་བཟོ་གི་ཡོད་པའི་སྐོར་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུ་གི་རེད།

  46. 205

    ཕལ་སྐད་གླེང་མོལ། ཨ་རིའི་ནང་བྱམས་བརྩེའི་སྐོར་སྐྱོད། - ཟླ་བ་ལྔ་པ། ༢༤, ༢༠༢༤

    ཨ་རིའི་ནང་བྱང་ཆུབ་བྱམས་བརྩེའི་སྐོར་སྐྱོད་ཀྱི་བརྗོད་གཞིའི་ཐོག་སྐོར་སྐྱོད་གནང་མཁན་རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་ནང་གཏན་གཞི་བྱས་པའི་བྱང་ཆུབ་ཆོས་གླིང་བཙུན་དགོན་གྱི་བཙུན་མའི་བྱམས་བརྩེའི་སྐོར་སྐྱོད་ཐོག་མ་འདིའི་སྐོར་ལ་སྣེ་ཁྲིད་གནང་མཁན་གྲས་ནས་དགེ་བཤེས་མ་ཡེ་ཤེས་བཟང་མོ་ལགས་དང་ལྷན་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

  47. 204

    ཨི་རན་གྱི་སྲིད་འཛིན་འདས་པོ། - ཟླ་བ་ལྔ་པ། ༢༢, ༢༠༢༤

    གཟའ་ཉི་མའི་ཉིན་ཨི་རན་གྱི་སྲིད་འཛིན་ར་ཡེ་སི་གནམ་གྲུ་བརྡབས་སྐྱོན་བྱུང་སྟེ་འདས་གྲོངས་སུ་གྱུར་ཡོད་ཅིང་། སྲིད་འཛིན་ར་ཡེ་སི་ནི་འོས་འདེམས་བྱས་པའི་ཨི་རན་གྱི་དཔོན་རིགས་མཐོ་ཤོས་དེ་ཡིན་པ་མ་ཟད། ཁོང་ཆོས་ཕྱོགས་ནས་ཤུགས་རྐྱེན་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན་འདུག དེ་རིང་གི་ང་ཚོ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

  48. 203

    ཕྲེང་རིང་པཱ་ལགས་དམ་པའི་བཙན་བྱོལ་ནང་གི་ཕྱག་ལས་ཞབས་ཞུ། - ཟླ་བ་ལྔ་པ། ༢༡, ༢༠༢༤

    དེེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་སྐུ་ངོ་ཕྲེང་རིང་འཇིགས་མེད་སུམ་རྩེན་དབང་པོའམ་ཡོངས་གྲགས་སུ་ཕྲེང་རིང་པཱ་ལགས་ཞུ་ཡི་ཡོད་པ་དམ་པའི་ལོ་རྒྱུས་སྐོར་ཕྲེང་རིང་བསྟན་ནོར་ལགས་དང་བགྲོ་གླེང་ཞུས་པའི་དུམ་བུ་གཉིས་པ་དེ་གསན་རོགས་གནང་།

  49. 202

    ཕྲེང་རིང་པཱ་ལགས་དམ་པའི་བོད་ནང་གི་ཕྱག་ལས་ཞབས་ཞུ། - ཟླ་བ་ལྔ་པ། ༡༤, ༢༠༢༤

    དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་སྐུ་ངོ་ཕྲེང་རིང་འཇིགས་མེད་སུམ་རྩེན་དབང་པོའམ་ཡོངས་གྲགས་སུ་ཕྲེང་རིང་པཱ་ལགས་དམ་པ་དེ་ཉིད་ཀྱིས་བོད་ནང་ཕྱག་ལས་ཞབས་ཞུ་གྲུབ་པའི་མཛད་རྗེས་སྐོར་ཕྲེང་རིང་བསྟན་ནོར་ལགས་ལྷན་དུ་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

  50. 201

    བྱང་ཨ་རིའི་ནང་གི་སཱི་ཤེས་ཡོན་ཟབ་སྦྱོང་མཇུག་བསྒྲིལ་གནང་བའི་སྐོར། - ཟླ་བ་ལྔ་པ། ༡༤, ༢༠༢༤

    ཨ་མི་རི་ཀའི་བྱང་ཤར་ཁུལ་དུ་གནས་འཁོད་བོད་པའི་བཟའ་འཇུག་སློབ་གྲྭའི་དགེ་རྒན་དང་ལས་བྱེད་དེ་བཞིན་ཕ་མ་བཅས་ལ་ཁེ་ནེ་ཌེའི་གྲོང་ཁྱེར་ཊོ་རོན་ཀྲོའི་ནང་སཱི་ཤེས་ཡོན་བསླབ་གཞིའི་ཐད་ཉིན་གསུམ་རིང་གི་ཟབ་སྦྱོང་ཞིག་གནང་བ་དེ་མཇུག་བསྒྲིལ་ཟིན་པའི་སྐོར་ལ་སཱི་ཤེས་ཡོན་མཐུན་སྦྱོར་བ་བརྩོན་འགྲུས་བསམ་འཕེལ་ལགས་སུ་བཅར་འདྲི་ཞུས་པ་ཞིག

Type above to search every episode's transcript for a word or phrase. Matches are scoped to this podcast.

Searching…

We're indexing this podcast's transcripts for the first time — this can take a minute or two. We'll show results as soon as they're ready.

No matches for "" in this podcast's transcripts.

Showing of matches

No topics indexed yet for this podcast.

Loading reviews...

ABOUT THIS SHOW

ཨ་རིའི་རླུང་འཕྲིན་ཁང་གིས་དམིགས་བསལ་ལས་རིམ་མང་པོ་ཞིག་པོ་ཊི་ཁ་སི་ལེ་ཚན་གྱི་ངོ་བོའི་ཐོག་རྒྱང་སྒྲོག་བྱེད་བཞིན་པ་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་སྡེ་ཚན་འདིར་ཡོངས་སུ་གསན་ཐུབ།

HOSTED BY

VOA

Produced by ཨ་རིའི་རླུང་འཕྲིན་ཁང་།

CATEGORIES

Frequently Asked Questions

How many episodes does པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། have?

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། currently has 50 episodes available on PodParley. New episodes are automatically indexed when they're published to the podcast feed.

What is པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། about?

ཨ་རིའི་རླུང་འཕྲིན་ཁང་གིས་དམིགས་བསལ་ལས་རིམ་མང་པོ་ཞིག་པོ་ཊི་ཁ་སི་ལེ་ཚན་གྱི་ངོ་བོའི་ཐོག་རྒྱང་སྒྲོག་བྱེད་བཞིན་པ་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་སྡེ་ཚན་འདིར་ཡོངས་སུ་གསན་ཐུབ།

How often does པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། release new episodes?

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། has 50 episodes. Check the episode list to see recent publication dates and frequency.

Where can I listen to པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།?

You can listen to པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། on PodParley by clicking any episode. We provide an embedded audio player for direct listening, and you can also subscribe via your preferred podcast app using the RSS feed.

Who hosts པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་།?

པོ་ཊི་ཁ་སི། - ཨ་རིའི་རླུང་འཕྲིན་ཁང་། is created and hosted by VOA.
URL copied to clipboard!