Skip to content
ཕ་ཡུལ་གླེང་སྟེགས།  - ཨ་རིའི་རླུང་འཕྲིན་ཁང་། podcast artwork

PODCAST · news

ཕ་ཡུལ་གླེང་སྟེགས། - ཨ་རིའི་རླུང་འཕྲིན་ཁང་།

by VOA

ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།

Publisher-supplied feed metadata · PodParley refreshed Sep 5, 2025 · Source feed

Episodes

  1. ཕག་རིའི་ཁྱིམ་ཚང་ཞིག་གི་ལས་དབང་། - ཟླ་བ་བརྒྱད་པ། ༠༢, ༢༠༢༢

    ༄༅། །ང་ཚོའི་མཐོང་ཐོས་བྱུང་བའི་བོད་ཀྱི་ལོ་རྒྱུས་ལ་དྲན་གསོའི་ལས་རིམ་ནང་འདི་གའི་ལས་བྱེད་ཚེ་བརྟན་ཆོས་སྒྲོན་ལགས་ལྷན་དུ་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་སྔ་རྗེས་ཀྱི་ཁོང་གི་ཁྱིམ་ཚང་གི་གནས་སྟངས་སྐོར་གླེང་མོལ་ཞུས་པའི་དུམ་བུ་དང་པོ་དེ་གསན་རོགས་གནང་།

  2. ༧གོང་ས་མཆོག་གིས་གསུམ་བཅུ་སྒེར་ལངས་ཉིན་མོ་ཕྱིར་དྲན། - ཟླ་བ་གསུམ་པ། ༡༠, ༢༠༢༠

    ༄༅།།དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་༡༩༥༩་ལོའི་གསུམ་པའི་ཚེས་༡༠་ཉིན་གྱི་རང་དབང་སྒེར་ལངས་དང་། གནས་ཚུལ་དེ་བྱུང་རབས་སོགས་ཀྱི་ཐད་ཕྱི་ལོ་༡༩༩༩་ལོར་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་ཆེད་དུ་བཀའ་ལན་གནང་བ་ཞིག་རྒྱང་སྲིང་ཞུ་རྒྱུ་ཡིན།

  3. ཏོག་དབྱིབས་རིམས་ནད་ཀྱིས་འཛམ་གླིང་དང་རྒྱ་ནག་ལ་ཤུགས་རྐྱེན། - ཟླ་བ་གསུམ་པ། ༠༢, ༢༠༢༠

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་རིམས་ནད་དེ་རྒྱལ་སྤྱིའི་སྟེང་ཁྱབ་ནས་འཛམ་གླིང་ཡོངས་སུ་དོ་སྣང་བྱ་དགོས་པའི་ཚད་ལ་སླེབས་པ་དང་། རྒྱ་ནག་ནང་ལོགས་ཀྱི་རིམས་ནད་ཀྱི་གནས་སྟངས། འཛམ་གླིང་ཡོངས་ལ་ཐེབས་པའི་ཤུགས་རྐྱེན་ཐད།...

  4. སྲིད་སྐྱོང་ལ་དམིགས་གསལ་བཅར་འདྲི། - ཟླ་བ་གཉིས་པ། ༡༧, ༢༠༢༠

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལ་ཕྱི་ལོ་༢༠༢༠་ལོའི་ལས་འཆར་ཁག་དང་བོད་རྒྱའི་འབྲེལ་མོལ། ཝུ་ཧན་གྱི་ནད་དུག་ཐད་ལ་བློ་འཚབ་ཅི་ཡོད་སོགས་སོགས་བཅར་འདྲི་ཞུས་པ་ཞིག་རྒྱང་སྲིང་ཞུ་རྒྱུ་ཡིན།

  5. ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན། - ཟླ་བ་གཉིས་པ། ༡༠, ༢༠༢༠

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ལ་བོད་ཀྱི་ཆབ་སྲིད་བཙོན་པ་ཟུར་པ་མགོ་ལོག་འཇིགས་མེད་ལགས་བདུན་ཕྲག་སྔོན་མར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་པའི་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ལ་མཉམ་ཞུགས་གནང་བའི་ཐད་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

  6. ཕ་ཡུལ་གླེང་སྟེགས། ཝུ་ཧན་རིམས་ནད་དང་གནས་སྟངས། - ཟླ་བ་གཉིས་པ། ༠༤, ༢༠༢༠

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་དེང་སྐབས་རྒྱ་ནག་ཏུ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་འོག་འཆི་སྐྱོན་དང་ནད་དུག་ཕོག་པའི་མིའི་གྲངས་འབོར་འཕར་བཞིན་པ་དང་ཡང་ནད་ཡམས་དེས་རྒྱ་ནག་གི་སྤྱི་ཚོགས་ཁྲོད་དཀའ་ངལ་འདྲ་མིན་བཟོ་བཞིན་པ་སོགས་ཀྱི་ཐད།...

  7. གློ་ཚད་རིམས་ནད་དང་དེའི་ཉེན་ཁ། - ཟླ་བ་དང་པོ། ༢༨, ༢༠༢༠

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནི་དེང་སྐབས་རྒྱ་ནག་ལ་ཁྱབ་གདལ་འགྲོ་བཞིན་པའི་གློ་ཚད་རིམས་ནད་དེས་རྒྱ་ནག་དང་འཛམ་གླིང་སྤྱི་ལ་ཉེན་ཁ་གང་འདྲ་ཞིག་བཟོ་བཞིན་ཡོད་མེད་དང་། བོད་མཐོ་སྒང་དུ་ནད་ཡམས་དེས་ཉེན་ཁ་གང་འདྲ་ཞིག་བཟོ་བཞིན་པའི་ཐད་ཡིན།

  8. བོད་ཡིག་ནི་བོད་མི་རིགས་ཀྱི་སྤོབས་པ་ཡིན། - ཟླ་བ་དང་པོ། ༢༠, ༢༠༢༠

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་གནས་མཆོག་རྡོ་རྗེ་གདན་དུ་མང་ཚོགས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བའི་སྐབས་སུ་བོད་ཀྱི་སྐད་ཡིག་དེ་ནི་བོད་མི་རིགས་ཀྱི་སྤོབས་པ་ཞིག་ཡིན་པ་དང་བོད་རིགས་ཚོས་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སློབ་སྦྱོང་བྱ…

    more
  9. ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་ཆེན་མོའི་མཇུག་འབྲས། - ཟླ་བ་དང་པོ། ༡༣, ༢༠༢༠

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་གཟའ་སྤེན་པའི་ཉིན་གྱི་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་ཆེན་མོའི་མཇུག་འབྲས་དང་། འོས་བསྡུ་གྲུབ་པའི་རྗེས་ཀྱི་དཀའ་ངལ་ལ་མཉམ་དུ་གདོང་ལེན་བྱེད་སྟངས་བཅས་ཀྱི་ཐད་ཐེ་ཝན་དུ་གནས་སྡོད་ཐེ་བོད་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་དང་བགྲོ་གླེང་ཞུ་རྒྱུ་ཡིན།

  10. ཨོ་སི་ཀྲོལ་ལི་ཡའི་མེ་སྐྱོན་ལ་སྨོན་ལམ། - ཟླ་བ་དང་པོ། ༠༦, ༢༠༢༠

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་གནང་བའི་འཇམ་དབྱངས་ཆོས་སྐོར་གྱི་གསུང་ཆོས་ལེགས་པར་གྲུབ་རྗེས་ཨོ་སི་ཀྲོལ་ལི་ཡའི་ནང་གི་འབྱུང་བ་མེ་ཡི་འཇིག་པ་སོགས་རང་བྱུང་གནོད་འཚེའི་སྐོར་ལ་ཐུགས་ཕམ་དང་སྨོན་ལམ་མཛད་པའི་ཐད་བགྲོ་གླེང་ཞུ་…

    more
  11. མཐའ་མཚམས་གྲོང་སྡེ་འཛུགས་སྐྲུན། - ཟླ་བ་བཅུ་གཉིས། ༣༡, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་དུ་རྒྱ་ནག་གིས་བོད་ཀྱི་མཐའ་མཚམས་ས་ཁུལ་དུ་རྒྱལ་སྲུང་གྲོང་སྡེ་བརྒྱ་ཕྲག་མང་པོ་འཛུགས་སྐྲུན་བྱས་ནས་ཕྱི་ལོགས་ཀྱི་ཤུགས་རྐྱེན་འགོག་ཐབས་ཀྱི་འབད་བརྩོན་བྱེད་བཞིན་པའི་སྙན་ཐོ་འདོན་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུས་པ…

    more
  12. ༧གོང་ས་མཆོག་དགུང་གྲངས་༡༡༣་ལ་བཞུགས་རྒྱུའི་ཞལ་བཞེས། - ཟླ་བ་བཅུ་གཉིས། ༢༣, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་གདན་ས་ཆེན་པོ་འབྲས་སྤུངས་དང་དགའ་ལྡན་བཅས་ཐུན་མོང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་སུ་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་བའི་ནང་གི་ཚན་པ་འགའ་ཞིག་འབུལ་རྒྱུ་ཡིན།

  13. འབྲས་སྤུངས་སྒོ་མང་གི་ཆོས་ར་དབུ་འབྱེད་སོགས་མཛད་འཆར། - ཟླ་བ་བཅུ་གཉིས། ༠༩, ༢༠༡༩

    ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མཛད་འཆར་མང་པོ་ཞིག་བསྐྱངས་འཆར་ཡོད་པ་ལྟར། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ར་གསར་པ་དབུ་འབྱེད་དང་། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཚུགས་ནས་ལོ་དྲུག་འཁོར་བའི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་ཡིན་པའི་ཐད།...

  14. རང་ལོ་༢༤་ལ་སོན་པའི་ཡོན་ཏན་ལགས་ཀྱིས་རང་ལུས་མེར་སྲེག - ཟླ་བ་བཅུ་གཉིས། ༠༢, ༢༠༡༩

    ཕྱི་ཟླ་༡༡་པའི་ཚེས་༢༦་ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་བཞི་བ་ཡོལ་ཙམ་དུ་རང་ལོ་༢༤་ལ་སོན་པའི་ཡོན་ཏན་ལགས་ཀྱིས་བོད་མདོ་སྨད་རྔ་པའི་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་དུ་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ་དང་།...

  15. ཧོང་ཀོང་གི་འོས་བསྡུའི་མཇུག་འབྲས། - ཟླ་བ་བཅུ་གཅིག་པ། ༢༥, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་ཁ་སང་གཟའ་ཉི་མའི་ཉིན་གྱི་ཧོང་ཀོང་གི་ས་ཁུལ་གྲོས་ཚོགས་འཐུས་མི་འོས་བསྡུའི་མཇུག་འབྲས་དང་། འདས་པའི་ཟླ་བ་ཁ་ཤས་རིང་གི་དམངས་གཙོའི་ལས་འགུལ།...

  16. རྒྱ་ནག་གཞུང་གི་ཞིན་ཅང་བཀག་བསྐྱིལ་ཁང་དང་འབྲེལ་བའི་ནང་ཁུལ་ཡིག་ཆ། - ཟླ་བ་བཅུ་གཅིག་པ། ༡༩, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་དུ་ཨ་རིའི་གསར་ཤོག་གྲགས་ཅན་ནེའུ་ཡོག་དུས་བབ་སྟེང་ཤོག་གྲངས་༤༠༠་ལྷག་ཡོད་པའི་རྒྱ་ནག་གཞུང་གི་ནང་ཁུལ་གྱི་ཡིག་ཆ་ཞིག་འགྲེམ་སྤེལ་བྱས་ཏེ་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་དང་།...

  17. ཀོ་རི་ཡའི་དད་ལྡན་ཆོས་ཞུ་བར་གསུང་ཆོས། - ཟླ་བ་བཅུ་གཅིག་པ། ༠༤, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དེ་རིང་གཟའ་ཟླ་བའི་ཉིན་ནས་ཉིན་གསུམ་རིང་བཞུགས་སྒར་དྷ་རམ་ས་ལར་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་གསུང་ཆོས་གནང་བཞིན་པ་ལྟར་གསུང་ཆོས་ཀྱི་ཉིན་དང་པོར་ཆོས་ཞུ་བ་རྣམས་ལ་བསྩལ་བའི་བཀའ་སློབ་ཀྱི་ནང་དོན…

    more
  18. བལ་ཡུལ་དང་རྒྱ་ནག་གི་གྲོས་མོལ་གྱི་ནང་དོན། - ཟླ་བ་བཅུ་པ། ༡༤, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ ཕིང་གཟའ་སྤེན་པའི་ཉིན་བལ་ཡུལ་ལ་འཚམས་གཟིགས་སུ་ཕེབས་ནས་རྒྱལ་ཁབ་གཉིས་ཀྱིས་གྲོས་མོལ་བྱས་པའི་ནང་དོན་ཁག་དང་། འཚམས་གཟིགས་འདིའི་སྐབས་སུ་བལ་ཡུལ་དུ་གནས་འཁོད་བོད་པ་ཚོར་དམ་དྲག་བྱས་པ་སོགས་ལ་བལ་ཡུལ་དུ་གནས་འཁོད་པ་བསྟན་འཛིན་ལགས་སུ་བགྲོ་གླེང་ཞུས་པ་ཡིན།

  19. དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་བཅར་མཁན་ལ་བཀའ་སློབ། - ཟླ་བ་བཅུ་པ། ༠༧, ༢༠༡༩

    ཕ་ཡུལ་གླེང་སྟེགས་ལས་རིམ་ནང་ཁ་སང་གཟའ་ཉི་མའི་ཉིན་ཏེ་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༦...

  20. ༸གོང་ས་མཆོག་ནས་བརྟན་བཞུགས་ཐོག་བཀའ་སློབ། - ཟླ་བ་དགུ་པ། ༡༦, ༢༠༡༩

    ཕ་ཡུལ་གླེང་སྟེགས་ནང་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་བྱེ་བྲག་བོད་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་ཞབས་པད་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང།...

  21. རྒྱ་ནག་གཞུང་གིས་སྐད་འཕྲིན་ཚོགས་པ་ཁག་ལ་དམ་དྲག - ཟླ་བ་དགུ་པ། ༠༢, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་རྒྱ་ནག་གཞུང་གིས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་དང་དམིགས་བསལ་སྒོས་སྐད་འཕྲིན་ཚོགས་པ་ཁག་ལ་བཙོན་འཇུག་ཁྲིམས་ཐག་གཅོད་པ་སོགས་ཀྱི་དམ་དྲག་བྱ་རྒྱུའི་གསལ་བསྒྲགས་སྤེལ་བའི་ཐད་ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་དང་བགྲོ་གླེང་ཞུས་པ་ཡིན།།

  22. སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེར་བཅར་འདྲི། - ཟླ་བ་བརྒྱད་པ། ༢༦, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་ཉེ་ཆར་སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེར་བཅར་འདྲི་ཁག་ཅིག་ཞུས་པའི་ཁོངས་ནས་བོད་ནང་གི་གནས་སྟངས་དང་བོད་པའི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ།...

  23. དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ལ་གསུང་བཤད། - ཟླ་བ་བརྒྱད་པ། ༡༩, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པའི་སྟེང་བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ལམ་སྲ་བརྟན་དང་དོན་ཕན་ལྡན་པའི་གྲོས་མོལ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་སྟེང་གནང་བའི་གཏམ་བཤད་ནང་དོན་ངོ་སྤྲོད་ཞུ་རྒྱུ་ཡིན།…

    more
  24. ཡ་ཆེན་སྒར་དམ་དྲག་དང་གྲྭ་བཙུན་ཕྱིར་འཕུད། - ཟླ་བ་བརྒྱད་པ། ༡༢, ༢༠༡༩

    ཡ་ཆེན་སྒར་དུ་རྒྱ་ནག་གཞུང་གིས་གྲྭ་བཙུན་ཕྱིར་འཕུད་གཏོང་བའི་ལས་གཞི་ལག་བསྟར་དང་ཆོས་སྒར་ཕྱི་ནང་གང་སར་གྲྭ་བཙུན་ཚོར་དམ་དྲག་བྱེད་བཞིན་པའི་སྐོར་དང་བོད་ཆོལ་ཁ་གསུམ་གྱི་གྲྭ་བཙུན་ཚོའི་སྒྲུབ་པ་ཉམས་ལེན་གྱི་བསྟི་གནས་ཆེ་ཤོས་ཡིན་པའི་ཡ་ཆེན་ཨྱོན་བསམ་གཏན་གླིང་ཆོས་སྒར་གྱི་ལོ་རྒྱུས་སོགས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།

  25. དྲ་ལམ་དམ་དྲག་དང་ཐེར་འདོན་སྐུལ་སློང་། - ཟླ་བ་བརྒྱད་པ། ༠༥, ༢༠༡༩

    བོད་ནང་གི་དགོང་མོའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ནས་བཅུ་གཅིག་པའི་བར་རྒྱང་སྲིང་བྱེད་པ་ཡིན། དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་རྒྱ་ནག་གཞུང་གིས་དངུལ་གྱི་བསླུ་བྲིད་སོགས་ལ་བརྟེན་ནས་དྲྭ་ལམ་དུ་བསམ་ཚུལ་འདྲ་མིན་བརྗོད་མཁན་ལ་བཀག་སྡོམ་དང་། འཕྲིན་གཏོང་དང་བརྒྱུད་བསྐུར་སོགས་ལ་དམ་དྲག་ནན་མོ་བྱེད་བཞིན་པའི་ཐད།...

  26. སེངྒེ་གཤོང་གི་ཐང་ག་གྷི་ཎི་སིའི་ཟིན་ཐོར་འཁོད་པ། - ཟླ་བ་བདུན་པ། ༢༩, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་དུ་མདོ་སྨད་རེབ་གོང་གི་ལྷ་བཟོའི་སྡེ་བ་སེངྒེ་གཤོང་གི་ཐང་ག་ཁྲི་ཕྲག་གཅིག་བཤམས་སྟོན་དང་།...

  27. རྒྱ་ནག་གཞུང་གི་ནག་སེལ་ངན་འཇོམས་ལས་འགུལ། - ཟླ་བ་བདུན་པ། ༠༡, ༢༠༡༩

    རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་ནག་སེལ་ངན་འཇོམས་ཟེར་བའི་ཆབ་སྲིད་ལས་འགུལ་ནང་བོད་མི་མང་པོ་བཀག་སྐྱིལ་བྱས་དང་བྱེད་བཞིན་པ་དང་།...

  28. ཧོང་ཀོང་གི་ངོ་རྒོལ་དང་མ་འོངས་པའི་མདུན་ལམ། - ཟླ་བ་དྲུག་པ། ༢༤, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ཀྱི་བགྲོ་གླེང་ལས་རིམ་དེ་འགོ་འཛུགས་རྒྱུ་ཡིན། ཧོང་ཀོང་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱས་ནས་ཧོང་ཀོང་གཞུང་གིས་མི་མང་གི་མངོན་འདོད་ལ་བསྟུན་དགོས་བྱུང་ཞིང་།...

  29. ཧོང་ཀོང་གི་མི་མང་ས་ཡ་གཉིས་ཙམ་ནས་ངོ་རྒོལ། - ཟླ་བ་དྲུག་པ། ༡༧, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་ཁ་སང་གཟའ་ཉི་མའི་ཉིན་ཧོང་ཀོང་དུ་མི་ས་ཡ་གཉིས་ཙམ་གྱིས་རྔམ་སྟོན་ཁྲོམ་སྐོར་བྱས་ནས་ཁྲིམས་བྱོལ་བ་རྒྱ་ནག་ཏུ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་འཆར་ལ་ངོ་རྒོལ་བྱས་ཡོད་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།

  30. ཧོང་ཀོང་ནང་ཉེས་ཅན་པ་རྩིས་སྤྲོད་ཁྲིམས་འཆར་ལ་ངོ་རྒོལ། - ཟླ་བ་དྲུག་པ། ༡༠, ༢༠༡༩

    ཧོང་ཀོང་ནང་ཉེས་ཅན་པ་རྩིས་སྤྲོད་ཁྲིམས་འཆར་ལ་ངོ་རྒོལ།

  31. གྲོས་ཚོགས་གོང་མའི་འཐུས་མིས་ཆོས་དད་རང་དབང་ཚོགས་གཙོར་ཞུ་འབོད། - ཟླ་བ་ལྔ་པ། ༡༣, ༢༠༡༩

    གྲོས་ཚོགས་གོང་མའི་འཐུས་མིས་ཆོས་དད་རང་དབང་ཚོགས་གཙོར་ཞུ་འབོད།

  32. ༧གོང་ས་མཆོག་གིས་དུས་འཁོར་བགྲོ་གླེང་ཐོག་ཏུ་བཀའ་སློབ། - ཟླ་བ་ལྔ་པ། ༠༦, ༢༠༡༩

    རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པ་ལྟར་ཕྱི་ཟླ་༥་ཚེས་༥་ཉིན་བཞུགས་སྒར་རྡ་རམ་ས་ལའི་དུས་འཁོར་ལྷ་ཁང་དུ་རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོར་སྲུང་བརྩི་ཞུ་བའི་ལས་རིམ་གྲས་སུ་གོ་སྒྲིག་ཞུས་པའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་པོ་༦༠༠་འཁོར་བའི་བཀའ་དྲ…

    more
  33. བཀྲ་ཤིས་ལྷུན་པོར་པཎ་ཆེན་མཆོག་གི་འཁྲུངས་སྐར་སྲུང་བརྩི། - ཟླ་བ་བཞི་པ། ༢༩, ༢༠༡༩

    ཟླ་བཞི་བའི་ཚེས་༢༥་ཉིན་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་རུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༧རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་༣༠་ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་གནང་བ་སོགས་ཀྱི་ཐད།...

  34. རེབ་གོང་ཧོར་རྒྱ་སྡེ་བའི་མི་༩་ལ་ཁྲིམས་ཆད། - ཟླ་བ་བཞི་པ། ༢༢, ༢༠༡༩

    ཕ་ཡུལ་གླེང་སྟེགས་སུ་བོད་མདོ་སྨད་རེབ་གོང་གི་ཧོར་རྒྱ་སྡེ་བའི་ཁ་མགོ་བའི་ཁོངས་ནས་མི་༩་ལ་ནག་སེལ་གཤེད་བཅོམ་གྱི་ལས་འགུལ་ནང་དུ་ཁྲིམས་འགལ་ཚོགས་པའི་ཁོངས་མི་ཡིན་པའི་ནང་ཉེས་བཙུགས་ནས་ཁྲིམས་ཐག་བཅད་པའི་ཐད་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་བགྲོ་གླེང་ཞུས་ཡོད།།

  35. མིས་བཟོས་རྣམ་དཔྱོད་འཕྲུལ་ཆས་ཀྱིས་ཡུ་གུར་བར་ལྟ་རྟོག - ཟླ་བ་བཞི་པ། ༡༦, ༢༠༡༩

    ཨ་རིའི་རླུང་འཕྲིན་ཁང་གི་ཕ་ཡུལ་གླེང་སྟེགས་ནི་གཟའ་ཟླ་བའི་ཉིན་བོད་ནང་གི་དགོང་མོའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ནས་བཅུ་གཅིག་པའི་བར་རྒྱང་སྲིང་བྱེད་པ་ཡིན། དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་རྒྱ་ནག་གི་ས་ཁུལ་ཁ་ཤས་ཤིག་ཏུ་མིས་བཟོས་རྣམ་དཔྱོད་འཕྲུལ་ཆས་བཀོལ་ཏེ་ཞིན་ཅང་ཡུ་གུར་བ་རྣམས་ངོས་འཛིན་བྱེད་པའི་ལག་རྩལ་བེད་སྤྱོད་ཀྱི་ཐད།..…

    more
  36. ཁྲེན་ཆོན་ཀོ་ཡི་ཞིན་ཅང་དྲག་གནོན་ཉམས་མྱོང་ཕྱོགས་སྤེལ། - ཟླ་བ་བཞི་པ། ༠༨, ༢༠༡༩

    ཕ་ཡུལ་གླེང་སྟེགས་ནང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཟུར་པ་ཁྲེན་ཆོན་ཀོ་ཡིས་ཤིན་ཅང་ས་ཁུལ་དུ་ཡུ་གུར་བ་རྣམས་ལ་སྤྱི་ཚོགས་སྟངས་འཛིན་བྱེད་ཕྱོགས་ཀྱི་ཉམས་མྱོང་དེ་རྒྱ་ནག་གི་ས་ཁུལ་གཞན་དུའང་ཁྱབ་སྤེལ་གཏོང་བཞིན་པའི་ཐད། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པ་ཚེ་བརྟན་དབང་ཕྱུག་ལགས་དང་བགྲོ་གླེང་ཞུས་པ་ཡིན།།

  37. དམངས་གཙོའི་བཅོས་སྒྱུར་ལོ་༦༠ རྒྱབ་ཤ་དཀར་པོའི་ཡིག་ཆ། - ཟླ་བ་བཞི་པ། ༠༡, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་རྒྱ་ནག་གཞུང་གིས་ཕྱི་ཟླ་གསུམ་པའི་ཚེས་༢༧ཉིན་ཁ་བྱང་ལ་སླབས་ཆེན་གྱི་ཏོལ་བརྒལ། བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་སྟེ་ལོ་༦༠ ཞུ་བུའི་རྒྱབ་ཤ་དཀར་པོའི་སྙན་ཐོ་ཞིག་བཏོན་པའི་ཐད་ལ་བགྲོ་གླེང་ཞུ་རྒྱ་ཡིན།

  38. ལོ་ངོ་དྲུག་ཅུའི་བོད་ནང་གི་དཀའ་སྡུག - ཟླ་བ་གསུམ་པ། ༢༥, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱས་ནས་ལོ་ངོ་༦༠ཕྱིན་པ་དེས་བོད་མི་རིགས་དང་རྒྱལ་རབས་ལོ་རྒྱུས་ཐོག་དུས་ཚོད་གང་འདྲ་ཞིག་མཚོན་མིན་དང་མི་ལོ་དྲུག་ཅུའི་རིང་རྒྱ་ནག་གི་ཆབ་སྲིད་ཀྱི་ལས་འགུལ་འདྲ་མིན་འོག་བོད་མིར་དཀའ་སྡུག་དང་།...

  39. གསུམ་བཅུའི་དུས་དྲན་ལ་ཕེབས་པའི་རྒྱ་རིགས་ལ་བཀའ་སློབ། - ཟླ་བ་གསུམ་པ། ༡༡, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་གསུམ་བཅུ་དུས་དྲན་ཐེངས་དྲུག་ཅུ་པའི་ཉིན་མོར་བཞུགས་སྒར་དྷ་རམ་ས་ལའི་ཕོ་བྲང་དུ་རྒྱ་རིགས་མང་གཙོ་དོན་གཉེར་བ་ཁག་ཅིག་ལ་བཀའ་མོལ་གནང་བ་དང་།...

  40. རྒྱ་ནག་གི་སྲིད་གྲོས་ཚོགས་འདུ། - ཟླ་བ་གསུམ་པ། ༠༤, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་དུ་གཟའ་ཉི་མའི་ཉིན་པེ་ཅིང་དུ་འགོ་ཚུགས་པའི་རྒྱ་ནག་གི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་ཆེན་སྟེང་དུ་སྲིད་གྲོས་ཀྱི་ཀྲུའུ་ཞི་༼འགོ་ཁྲིད་༽ཝང་དབྱང་གིས་ཕུལ་བའི་སྙན་ཞུའི་ཐད་དུ་བགྲོ་གླེང་ཞུ་རྒྱུ་ཡིན།།

  41. བོད་ནང་གི་བཙོན་རྭ་དང་བཀག་སྐྱིལ་ཁང་། - ཟླ་བ་གཉིས་པ། ༡༨, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་དུ་ངལ་རྩོལ་སྒྱུར་བཀོད་ར་བའམ། བཀག་སྐྱིལ་ཁང་གསར་པ་རྒྱག་བཞིན་པ་འཁོར་སྐར་གྱིས་སྒྲོན་པའི་འདྲ་པར་ལ་དབྱེ་ཞིབ་བྱས་ནས་ཤེས་རྟོགས་བྱུང་ཡོད་ཅིང་། བཀག་སྐྱིལ་ཁང་དེ་དག་གི་དམིགས་ཡུལ་ཅི་ཡིན་སོགས་ཀྱི་ཐད་དུ་བགྲོ་གླེང་ཞུ་རྒྱུ་ཡིན།།...

  42. ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ཞེས་པའི་བརྙན་འཕྲིན་ལེ་ཚན། - ཟླ་བ་གཉིས་པ། ༠༥, ༢༠༡༩

    དེ་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་ཉེ་ཆར་བོད་རང་སྐྱོང་ལྗོངས་སུ་འགྲེམ་སྤེལ་བྱས་པའི་ལེའུ་བཞི་ཅན་གྱི་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ཟེར་བའི་བརྙན་འཕྲིན་ཆེད་སྒྲིག་ལས་རིམ་ཞིག་ཡོད་པ་དེའི་ནང་དོན་གྱི་ཐད་རྒྱ་ནག་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་སུ་བགྲོ་གླེང་ཞུ་རྒྱུ་ཡིན།

  43. ལོ་གསར་དུས་སུ་འཕྲོད་བསྟེན་ལ་གཟབ་དགོས་པ། - ཟླ་བ་གཉིས་པ། ༠༢, ༢༠༡༩

    ༄༅།། གཟའ་འཁོར་འདིའི་ལས་རིམ་ལ་བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲྭ་བ་གསར་འཛུགས་པ་དང་དྲྭ་གནས་འདིའི་འགན་འཛིན་སྒོ་དམར་སངས་རྒྱས་བཀྲ་ཤིས་ལ་ལོ་གསར་སྐབས་སུ་བོད་པ་ཚོས་རང་དང་བཟའ་མི་རྣམས། དེ་བཞིན་སྤྱི་ཚོགས་ཀྱི་འཕྲོད་སྟེན་ཐད་དུ་དོ་སྣང་དང་ཡིད་གཟབ་བྱ་དགོས་པ་ཅི་ཞིག་ཡོད་པའི་ཐད་ལ་གླེང་མོལ་ཞུ་ཡི་ཡིན།།

  44. བྱང་ཨ་རིའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་རྗེས་དྲན་ཚོགས་འདུ་མཇུག་སྒྲིལ། - ཟླ་བ་དང་པོ། ༢༨, ༢༠༡༩

    ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་སྐུ་གཤེགས་ནས་ལོ་༣༠་འཁོར་བའི་རྗེས་དྲན་བགྲོ་གླེང་ཚོགས་འདུ་ཞིག་གཟའ་སྤེན་པའི་ཉིན་ཨ་རིའི་གྲོང་ཁྱེར་ཆེན་པོ་ནེའུ་ཡོག་ཏུ་འཚོགས་པའི་ཐད་བྱང་ཨ་རིའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་རྗེས་དྲན་ཚོགས་ཆུང་གི་གསར་ལམ་འབྲེལ་མཐུད་པ་ཀ་བཙན་བླ་མ་སྐྱབས་ལགས་གདན་འདྲེན་ཞུས་ཡོད།།

  45. རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ལྟ་རྟོག་ཁང་གི་༢༠༡༨་ལོའི་སྙན་ཐོ་དང་བོད། - ཟླ་བ་དང་པོ། ༢༢, ༢༠༡༩

    འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་༢༠༡༨་ལོར་འཛམ་གླིང་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གང་འདྲ་ཞིག་བྱུང་ཡོད་མེད་ཀྱི་ལོ་འཁོར་སྙན་ཐོ་ཞིག་སྤེལ་ཡོད་པར་མ་ཟད།...

  46. ༢༠༡༨་ལོར་བོད་པ་༢༥་ལ་ཁྲིམས་ཐག་བཅད་སྐད། - ཟླ་བ་དང་པོ། ༡༤, ༢༠༡༩

    བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ནང་དུ་༢༠༡༨་ལོར་གྱོད་དོན་ཁྲི་གསུམ་ལྷག་ལ་ཞིབ་བཤེར་བྱས་པ་དང་། དེའི་ཁྲོད་དུ་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པ་དང་།...

  47. སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པ། - ཟླ་བ་དང་པོ། ༠༧, ༢༠༡༩

    སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བདུན་ཕྲག་སྔོན་མར་གནས་མཆོག་རྡོ་རྗེ་གདན་དུ་བླ་ཆེན་ཁག་དང་མཁས་མང་ལྷན་འཛོམས་ཤིག་གི་ཐོག་ཏུ་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གཉིས་པ་དབུ་འབྱེད་དང་།...

  48. བོད་ལ་འགྲོ་སྐྱོད་ཐོབ་ཐང་འདྲ་མཉམ་གྱི་ཨ་རིའི་ཁྲིམས་གསར་པ། - ཟླ་བ་བཅུ་གཉིས། ༢༤, ༢༠༡༨

    ཨ་རིའི་སྲིད་འཛིན་ཌོ་ནོལ་ཊམ་གྱིས་བོད་ལ་འགྲོ་སྐྱོད་ཐོབ་ཐང་འདྲ་མཉམ་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་ནས་ཨ་རིའི་ཁྲིམས་གསར་པ་ཞིག་གཏན་འབེབ་བྱས་པར་བརྟེན། ཨ་རིའི་གཞུང་ཕྱོགས་མི་སྣ་དང་གསར་འགོད་པ་སོགས་བོད་ལ་འགྲོ་སྐྱོད་བྱེད་པར་ཨ་རིའི་གཞུང་གིས་ཇི་ལྟར་ཁྲིམས་ཡིག་འདི་རྒྱབ་རྟེན་བྱེད་སྲིད་པ་དང་།...

  49. རྒྱ་ནག་གིས་ཨ་རིའི་ཁྲིམས་འཆར་ལ་ངོ་རྒོལ། - ཟླ་བ་བཅུ་གཉིས། ༡༨, ༢༠༡༨

    ཨ་རིའི་གྲོས་ཚོགས་ཀྱིས་བོད་ལ་འགྲོ་སྐྱོད་འདྲ་མཉམ་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པར་ངོ་རྒོལ་དང་ཁྲིམས་འཆར་དེ་ཉིད་ཕྱིར་འཐེན་བྱ་དགོས་ལུགས་བརྗོད་ཡོད་པར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལན་འདེབས་གནང་བའི་སྐོར།...

Type above to search every episode's transcript for a word or phrase. Matches are scoped to this podcast.

Searching…

We're indexing this podcast's transcripts for the first time — this can take a minute or two. We'll show results as soon as they're ready.

No matches for "" in this podcast's transcripts.

Showing of matches

No topics indexed yet for this podcast.

Loading reviews...

ABOUT THIS SHOW

ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།

HOSTED BY

VOA

Produced by ཨ་རིའི་རླུང་འཕྲིན་ཁང་།

CATEGORIES

Frequently Asked Questions

How many episodes does ཕ་ཡུལ་གླེང་སྟེགས། - ཨ་རིའི་རླུང་འཕྲིན་ཁང་། have?

ཕ་ཡུལ་གླེང་སྟེགས། - ཨ་རིའི་རླུང་འཕྲིན་ཁང་། currently has 50 episodes available on PodParley. New episodes are automatically indexed when they're published to the podcast feed.

What is ཕ་ཡུལ་གླེང་སྟེགས། - ཨ་རིའི་རླུང་འཕྲིན་ཁང་། about?

ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ།...

How often does ཕ་ཡུལ་གླེང་སྟེགས། - ཨ་རིའི་རླུང་འཕྲིན་ཁང་། release new episodes?

ཕ་ཡུལ་གླེང་སྟེགས། - ཨ་རིའི་རླུང་འཕྲིན་ཁང་། has 50 episodes. Check the episode list to see recent publication dates and frequency.

Where can I listen to ཕ་ཡུལ་གླེང་སྟེགས། - ཨ་རིའི་རླུང་འཕྲིན་ཁང་།?

You can listen to ཕ་ཡུལ་གླེང་སྟེགས། - ཨ་རིའི་རླུང་འཕྲིན་ཁང་། on PodParley by clicking any episode. We provide an embedded audio player for direct listening, and you can also subscribe via your preferred podcast app using the RSS feed.

Who hosts ཕ་ཡུལ་གླེང་སྟེགས། - ཨ་རིའི་རླུང་འཕྲིན་ཁང་།?

ཕ་ཡུལ་གླེང་སྟེགས། - ཨ་རིའི་རླུང་འཕྲིན་ཁང་། is created and hosted by VOA.
URL copied to clipboard!