Skip to content
བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། podcast artwork

PODCAST · news

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།

by VOA

༄༅།།བསྐྱར་ཞིབ་ལེ་ཚན་ནི་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་ཁག་གི་རྒྱབ་ལྗོངས་དང་འབྱུང་རྐྱེན། དེ་བཞིན་འཕྲོས་དོན་སོགས་ལ་ཞིབ་ཏུ་དབྱེ་ཞིབ་བྱེད་པའི་ Podcast ཞིག་ཡིན།

Publisher-supplied feed metadata · PodParley refreshed Oct 4, 2024 · Source feed

Episodes

  1. རྒྱ་ནག་གི་དྲུག་བཞི་ཕྱིར་དྲན། - ཟླ་བ་དྲུག་པ། ༠༥, ༢༠༢༤

    རྒྱ་ནག་གཞུང་གིས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་ནས་མི་ལོ་༣༥་ཕྱིན་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་རྒྱ་ནག་གི་དམངས་གཙོའི་ལས་འགུལ་དེར་ཕྱིར་དྲན་སོགས་ཀྱི་གནས་ཚུལ་ཁག་ཅིག་ཞུ་ཡི་ཡིན།།

  2. ཨི་རན་གྱི་སྲིད་འཛིན་འདས་པོ། - ཟླ་བ་ལྔ་པ། ༢༢, ༢༠༢༤

    གཟའ་ཉི་མའི་ཉིན་ཨི་རན་གྱི་སྲིད་འཛིན་ར་ཡེ་སི་གནམ་གྲུ་བརྡབས་སྐྱོན་བྱུང་སྟེ་འདས་གྲོངས་སུ་གྱུར་ཡོད་ཅིང་། སྲིད་འཛིན་ར་ཡེ་སི་ནི་འོས་འདེམས་བྱས་པའི་ཨི་རན་གྱི་དཔོན་རིགས་མཐོ་ཤོས་དེ་ཡིན་པ་མ་ཟད། ཁོང་ཆོས་ཕྱོགས་ནས་ཤུགས་རྐྱེན་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན་འདུག དེ་རིང་གི་ང་ཚོ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

  3. ཊིག་ཊོག་ལ་གདམ་ཀ་ཅི་ཞིག་ཡོད་དམ། - ཟླ་བ་བཞི་པ། ༢༦, ༢༠༢༤

    གཟའ་ལྷག་པའི་ཉིན་སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་མང་མོས་བྱུང་བའི་ཊིག་ཊོག་ཟེར་བའི་རྒྱ་མིའི་མཉེན་ཆས་དེ་ཨ་རིའི་ནང་དུ་བཀག་འགོག་བྱ་རྒྱུའི་ཁྲིམས་ཡིག་ལ་མཚན་རྟགས་བཀོད་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་དུ་ཊིག་ཊོག་ལ་གདམ་ཀ་ཅི་ཞིག་ཡོད་མེད་སོགས་ཐད་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

  4. ཡུཀ་རེན་ལ་རོགས་དངུལ་སྤྲོད་རྒྱུའི་ཐག་གཅོད་བྱེད་སྟངས། - ཟླ་བ་བཞི་པ། ༢༤, ༢༠༢༤

    གཟའ་སྤེན་ཉིན་ཨ་རིའི་གྲོས་ཚོགས་འོག་མས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༦༡༠་ཙམ་ཞིག་རོགས་དངུལ་སྤྲོད་རྒྱུའི་ཁྲིམས་གཞིར་མང་མོས་འོས་ཤོག་འཕངས་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་གལ་ཆེའི་ཁྲིམས་གཞི་དེར་གྲོས་ཚོགས་སུ་མང་མོས་རྒྱབ་སྐྱོར་ཇི་ལྟར་ཐོབ་མིན་ཐད་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།།

  5. ཨ་རིའི་ཐེ་ཝན་སྲིད་ཇུས་ལ་བསྐྱར་བཅོས་བྱ་དགོས་སམ། - ཟླ་བ་བཞི་པ། ༡༩, ༢༠༢༤

    ཨ་རིའི་ཐེ་ཝན་འབྲེལ་བའི་ཁྲིམས་ཡིག་གཏན་ལ་ཕབ་ནས་ལོ་༤༥་ཕྱིན་ཡོད་ཅིང་། ད་ལྟ་ཨ་རིས་ཐེ་ཝན་ལ་འཛིན་པའི་ལག་བསྟར་ཁྲིམས་ཡིག་དེར་བསྐྱར་བཅོས་བྱ་དགོས་པའི་འབོད་སྐུལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

  6. ཨི་རན་གྱི་རྒོལ་རྡུང་ལ་ཇི་ལྟར་འགོག་རྒོལ་བྱས་པ་རེད། - ཟླ་བ་བཞི་པ། ༡༦, ༢༠༢༤

    ཨི་རན་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་དང་འཕུར་མདེལ་༣༠༠་ལྷག་འཕངས་ནས་ཨི་སི་རལ་ལ་གཏོར་རྒོལ་བྱས་མོད། འོན་ཀྱང་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་དེ་རྣམས་ཨི་སི་རལ་གྱི་ས་ཐོག་ཏུ་མ་བསླེབས་སྔོན་ནས་བར་སྣང་དུ་གཏོར་ཏེ་འགོག་ཐུབ་ཡོད་ཅིང་། ཨ་རིའི་སྣེ་ཁྲིད་འོག་ཨི་རན་གྱི་རྒོལ་རྡུང་དེ་ཇི་ལྟར་བཀག་ཡོད་མེད་ཐད་ངོ་སྤྲོད།

  7. རྒྱ་ནག་གི་བྱ་སྤྱོད་ཀྱིས་ཉི་ཧོང་དང་ཨ་རིའི་འབྲེལ་བ་ཉེ་རུ་བཏང་། - ཟླ་བ་བཞི་པ། ༡༢, ༢༠༢༤

    དེང་སྐབས་ཉི་ཧོང་གི་སྲིད་བློན་ཨ་རིར་རྒྱལ་དོན་འཚམས་འདྲིར་ཕེབས་ཏེ་ཕྱོགས་གཉིས་ཀྱི་བདེ་འཇགས་དང་ཚོང་ལས་སོགས་ཀྱི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་གཏང་རྒྱུའི་གྲོས་མཐུན་བཞག་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།།

  8. ཨ་རིའི་ནོར་སྲིད་དྲུང་ཆེའི་རྒྱ་ནག་གི་འཚམས་འདྲི། - ཟླ་བ་བཞི་པ། ༡༠, ༢༠༢༤

    འདས་པའི་ཉིན་བཞིའི་རིང་ཨ་རིའི་ནོར་སྲིད་དྲུང་ཆེ་ལྕམ་ཡེ་ལཱན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཏེ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་དཔལ་འབྱོར་དཀའ་རྙོག་ཁག་ལ་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ཚོར་གྲོས་མོལ་གནང་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།།

  9. མ་དབྱིན་ཇུག་རྒྱ་ནག་ཏུ་བསྐྱོད་དགོས་དོན་ཅི་ཡིན། - ཟླ་བ་བཞི་པ། ༠༥, ༢༠༢༤

    རྒྱ་ནག་གིས་ཐེ་ཝན་ལ་དྲག་པོའི་འཇིགས་སྐུལ་སྣ་ཚོགས་ཤིག་བྱེད་བཞིན་པའི་སྐབས་འདིར་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་རྒྱ་ནག་ལ་ཉིན་༡༡་གི་འཚམས་འདྲིར་བསླེབས་ཏེ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་ཅིང། དེ་རིང་ང་ཚོའི་ལེ་ཚན་ལ་མ་དབྱིན་ཇུག་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་དགོས་དོན་སོགས་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།།

  10. རྒྱ་ནག་གི་དཔལ་འབྱོར་མདུན་ལམ་ཐད་ལྟ་ཚུལ་གཉིས། - ཟླ་བ་བཞི་པ། ༠༣, ༢༠༢༤

    འདས་པའི་ལོ་མང་རིང་རྒྱ་ནག་གི་དཔལ་འབྱོར་མྱུར་སྟོབས་ཀྱིས་འཕེལ་རྒྱས་སོང་། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ཉམས་ནས་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་ཅིང་། དེ་ནི་ཡུན་རིང་གི་དཀའ་ངལ་ཞིག་ཡིན་ནམ། ཡང་ན་གནས་སྐབས་ཀྱི་དཀའ་ངལ་ཞིག་ཡིན་མིན་ཐད་ལྟ་ཚུལ་མ་འདྲ་བ་གཉིས་ཡོད་པ་རེད།

  11. ཕུ་ཊིན་གྱི་འོས་བསྡུའི་འཁྲབ་སྟོན། - ཟླ་བ་གསུམ་པ། ༢༠, ༢༠༢༤

    ཨུ་རུ་སུའི་སྲིད་འཛིན་འོས་བསྡུ་བྱས་ནས་ཕུ་ཊིན་ལ་སླར་ཡང་འོས་ཤོག་མང་ཆེ་བ་ཐོབ་ཡོད་ཅིང་། འོས་བསྡུ་དེ་ནི་འཁྲབ་སྟོན་བྱས་པ་ཞིག་ཡིན་རུང་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་མང་པོ་ཞིག་གིས་དེང་སྐབས་ར་ཤི་ཡའི་གནས་སྟངས་མཚོན་ཐུབ་ཀྱི་ཡོད་པ་རེད། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

  12. ཊིག་ཊོག་ཇི་ལྟར་རྩིས་ནོར་ཐེབས་པ་རེད། - ཟླ་བ་གསུམ་པ། ༡༥, ༢༠༢༤

    གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་འོག་མས་ཊིག་ཊོག་ཟེར་བའི་རྒྱ་ནག་གི་མཉེན་ཆས་དེ་ཨ་རིའི་ས་ཐོག་ཏུ་བཀོལ་སྤྱོད་བྱེད་མི་ཆོག་པ་བཟོ་རྒྱུའི་ཁྲིམས་ཡིག་ཅིག་ལ་མང་མོས་བྱུང་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་གནད་དོན་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

  13. རིག་གནས་གསར་བརྗེ་གཉིས་པ་སྟེ། གུང་ཁྲན་རིང་ལུགས་ནས་མི་རིགས་རིང་ལུགས། - ཟླ་བ་གསུམ་པ། ༡༤, ༢༠༢༤

    དེང་སྐབས་མི་ཚོས་རྒྱ་ནག་ལ་རིག་གནས་གསར་བརྗེ་གཉིས་པ་ཞིག་ལང་རྒྱུའི་བློ་འཚབ་བྱེད་བཞིན་ཡོད་པ་མ་ཟད། གལ་སྲིད་དེ་འདྲ་ཞིག་བྱུང་ན་རིག་གནས་གསར་བརྗེ་གཉིས་པ་དེ་རྣམ་པ་གང་འདྲ་ཞིག་གི་ཐོག་ཏུ་ལང་རྒྱུ་ཡིན་མིན་ཐད་བགྲོ་གླེང་བྱེད་བཞིན་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

  14. ཅིའི་ཕྱིར་རྒྱ་ནག་གི་སྲིད་བློན་གྱི་གསར་འགོད་ལྷན་ཚོགས་མེད་པར་བཏང་བ་རེད། - ཟླ་བ་གསུམ་པ། ༠༨, ༢༠༢༤

    དེང་སྐབས་འཚོགས་བཞིན་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གསར་འགྱུར་ཆེ་ཤོས་ཤིག་ནི་ཚོགས་འདུའི་རྗེས་སུ་སྲིད་བློན་གྱིས་ཡོངས་གྲགས་གསར་འགོད་ལྷན་ཚོགས་ཤིག་སྐོང་སྲོལ་ཡོད་པ་དེ་མེད་པར་གཏང་རྒྱུ་ཡིན་འདུག དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

  15. སོ་རཱ་ཡིས་རྒྱ་ནག་གི་བཅོས་རིག་ཀླད་རྩ་དཀྲུག་འདུག - ཟླ་བ་གསུམ་པ། ༠༦, ༢༠༢༤

    ཉེ་དུས་ཨ་རིའི་བཅོས་རིག་བཟོ་མཁན་ཚོས་བཅོས་རིག་སོ་རཱ་ཟེར་བ་འདི་གསར་གཏོད་བྱེད་ཐུབ་ཡོད་པའི་གནས་ཚུལ་ཕྱི་བསྒྲགས་བྱས་རྗེས། རྒྱ་ནག་ནང་གལ་ཆེའི་ལག་རྩལ་འདིའི་ཐད་ལ་རྗེས་ལུས་ཐེབས་ཡོད་པའི་དངངས་སྐྲག་ཆེན་པོ་བྱུང་འདུག དེ་རིང་ང་ཚོའི་བསྐྱར་ཞིབ་ལས་རིམ་ནང་འདིའི་སྐོར་གླེང་སློང་ཞུ་གི་ཡིན།

  16. ཐེ་ཝན་དང་ཉི་ཧོང་བར་གྱི་གློག་ལེབ་མཐུན་གྲོགས། - ཟླ་བ་གསུམ་པ། ༠༡, ༢༠༢༤

    འཛམ་གླིང་ནང་སྐད་གྲགས་ཡོད་པའི་ཐེ་ཝན་གྱི་གློག་ལེབ་བཟོ་ཚོང་ཁང་ TSMC ཟེར་བ་འདིས་ཉི་ཧོང་ནང་བཟོ་གྲྭ་དང་པོ་དེ་སྒོ་ཕྱེ་ཡོད་པ་དང་། ད་དུང་མུ་མཐུད་བཟོ་གྲྭ་གཉིས་པ་རྒྱག་རྒྱུའི་གསལ་བསྒྲགས་བྱས་པ་དེར་མི་ཚོས་ཐེ་ཝན་དང་ཉི་ཧོང་གི་མཐུན་གྲོགས་འབྲེལ་བ་གསར་པ་འཛུགས་བྱེད་བཞིན་ཡོད་པར་ངོས་འཛིན་བྱས་འདུག

  17. རྒྱ་ནག་ནང་ཎ་ཝལ་ཎི་ལྟ་བུ་ཞིག་མེད་པ་གང་ཡིན། - ཟླ་བ་གཉིས་པ། ༢༨, ༢༠༢༤

    ཉེ་དུས་ཨུ་རུ་སུའི་དབང་འཛིན་པར་ཁ་གཏད་བྱེད་མཁན་ཚོའི་འགོ་ཁྲིད་ཎ་ཝལ་ཎི་འདས་གྲོངས་སོང་བའི་རྗེས། རྒྱ་ནག་ནང་དུ་དེ་ལྟ་བུའི་གཞུང་དང་ཁ་གཏད་བྱེད་ཐུབ་མཁན་གྱི་འགོ་ཁྲིད་མེད་པའི་རྒྱུ་མཚན་གང་ཡིན་པའི་སྐོར་ལ་བགྲོ་གླེང་བྱེད་བཞིན་འདུག དེ་རིང་ང་ཚོའི་བསྐྱར་ཞིབ་ལས་རིམ་ནང་འདིའི་སྐོར་གླེང་སློང་ཁག་ཅིག་ཞུ་གི་ཡིན།

  18. བོད་དང་བྱང་ཨེར་ལན་ཌི་གཉིས་དབར་གྱི་ཆ་འདྲ་སའི་ཐད་གླེང་མོལ། - ཟླ་བ་གཉིས་པ། ༡༢, ༢༠༢༤

    བོད་དང་བྱང་ཨེར་ལན་ཌི་གཉིས་དབར་གྱི་ཆ་འདྲ་སའི་ཐད་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ལྷན་དུ་མདོ་འཛིན་པས་གླེང་མོལ་ཞུས་པ་གསན་རོགས་གནང་།

  19. རྒྱ་ནག་གིས་དཔལ་འབྱོར་གསར་འགྱུར་ལ་དམ་དྲག་བྱེད་བཞིན་པ། - ཟླ་བ་གཉིས་པ། ༠༧, ༢༠༢༤

    དེང་སྐབས་རྒྱ་ནག་གི་མ་རྐང་ཁྲོམ་རའི་རིན་ཐང་མར་ཆག་བཞིན་པ་སོགས་ཀྱི་དཔལ་འབྱོར་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པའི་སྐབས་འདིར་སྲིད་གཞུང་གིས་དཔལ་འབྱོར་དང་འབྲེལ་བའི་གསར་འགྱུར་ངན་པ་དེ་ཚོ་སྤེལ་རྒྱུར་དམ་དྲག་བྱེད་ཀྱིན་ཡོད། དེ་རིང་ང་ཚོའི་བསྐྱར་ཞིབ་ལས་རིམ་ནང་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་གི་ཡིན།

  20. རྩོམ་སྒྲིག་པ་དང་བདུན་རེའི་གསར་འགྱུར་གལ་ཆེའི་ཁག་ལ་གླེང་མོལ་ཞུས་པའི་ལེ་ཚན། - ཟླ་བ་གཉིས་པ། ༠༥, ༢༠༢༤

    ༄༅། །འདས་པའི་གཟའ་འཁོར་ནང་བྱུང་བའི་འཛམ་གླིང་གི་གལ་ཆེའི་གནས་ཚུལ་ཁག་གི་ཐོག་རྩོམ་བྲིས་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་ལྷན་གླེང་མོལ་ཞུས་པའི་ལེ་ཚན་དེ་གསན་རོགས་གནང་།

  21. དཀྱིལ་ཤར་ས་ཁུལ་དུ་དམིགས་པའི་འཐབ་ཇུས་གསར་པ། - ཟླ་བ་གཉིས་པ། ༠༢, ༢༠༢༤

    དེང་སྐབས་ཨ་རིའི་རྒྱལ་ནང་དུ་དཀྱིལ་ཤར་ས་ཁུལ་གྱི་དཀའ་རྙོག་སེལ་བའི་འཐབ་ཇུས་གསར་པ་ཞིག་འདོན་དགོས་པའི་འབོད་སྐུལ་ཞུ་མཁན་ཇེ་མང་དུ་འགྲོ་བཞིན་འདུག དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

  22. རྒྱ་ནག་གི་ཧེང་ཏ་ས་ཁང་ཚོང་ལས་ཁང་མ་རྩ་རྡིབ་པ། - ཟླ་བ་དང་པོ། ༣༡, ༢༠༢༤

    གཟའ་ཟླ་བའི་ཉིན་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་དཔལ་འབྱོར་དཀའ་ངལ་ནང་དུ་ཚུད་ཡོད་པའི་རྒྱ་ནག་གི་ས་ཁང་ཚོང་ལས་ཁང་ཆེ་ཤོས་ཏེ། ཧེང་ཏ་བཟོ་ཚོང་ཁང་གི་རྒྱུ་དངོས་ཚང་མ་བཙོངས་ཏེ་བཟོ་ཚོང་ཁང་དེར་བུ་ལོན་གཡར་མཁན་ཚོར་གང་ཐུབ་ཀྱིས་བུ་ལོན་འཇལ་དགོས་པའི་ཁྲིམས་ཐག་བཅད་ཡོད།

  23. རྩོམ་སྒྲིག་པ་དང་བདུན་རེའི་གསར་འགྱུར་གལ་ཆེའི་ཁག་ལ་གླེང་མོལ་ཞུས་པའི་ལེ་ཚན། - ཟླ་བ་དང་པོ། ༢༩, ༢༠༢༤

    ༄༅། །འདས་པའི་གཟའ་འཁོར་ནང་བྱུང་བའི་འཛམ་གླིང་གི་གལ་ཆེའི་གནས་ཚུལ་ཁག་གི་ཐོག་རྩོམ་བྲིས་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་ལྷན་གླེང་མོལ་ཞུས་པའི་ལེ་ཚན་དེ་གསན་རོགས་གནང་།

  24. ཀིམ་ཇོང་ཨུན་གྱིས་ངོ་མར་གཏོར་རྒོལ་བྱ་རྒྱུ་ཡིན་ནམ། - ཟླ་བ་དང་པོ། ༢༦, ༢༠༢༤

    དེང་སྐབས་བྱང་ཀོ་རི་ཡའི་ཀིམ་ཇོང་ཨུན་གྱིས་ལྷོ་ཀོ་རི་ཡའི་ཕྱོགས་སུ་མེ་སྒྱོགས་བརྒྱབ་པ་སོགས་དྲག་པོའི་འཇིགས་སྐུལ་སྔར་ལས་ཉེན་ཁ་ཆེ་བ་རིམ་པ་ཞིག་བྱེད་བཞིན་ཡོད་ཅིང་། ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡའི་སྲིད་དབང་གཅོད་པ་འདིས་ལྷོ་ཀོ་རི་ཡར་དམག་གིས་གཏོར་རྒོལ་ངོ་མ་ཞིག་བྱ་རྒྱུའི་འཆར་གཞི་ཡོད་སྲིད་པའི་ཉེན་བརྡ་བཏང་འདུག

  25. རྒྱ་མི་མི་འབོར་རིག་པ་བ་ཞིག་གི་ལྟ་ཚུལ། - ཟླ་བ་དང་པོ། ༢༤, ༢༠༢༤

    གཟའ་འཁོར་སྔོན་མར་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གཞི་གྲངས་ལ་གཞིགས་ཚེ། ༢༠༢༣ ལོར་རྒྱ་ནག་གི་མི་འབོར་སླར་ཡང་ལོ་སྔོན་མ་ལས་ཉུང་དུ་ཕྱིན་ཡོད་ཅིང་། དེ་རིང་གི་ང་ཚོའི་ལེ་ཚན་ལ་རྒྱ་ནག་གི་མི་འབོར་ཞིབ་འཇུག་བྱེད་མཁན་རྒྱ་མི་ཞིག་གིས་མི་འབོར་སྐོར་གྱི་གནད་དོན་གླེང་བའི་ལྟ་ཚུལ་ཁག་ཅིག་ངོ་སྤྲོད་ཞུ་རྒྱུ་ཡིན།

  26. རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ག་དུས་རྩད་ཆོད་པ་རེད། - ཟླ་བ་དང་པོ། ༡༩, ༢༠༢༤

    དེང་སྐབས་འཛམ་གླིང་གི་ས་ཆ་མང་པོར་ཏོག་དབྱིབས་ནད་དུག་འགོ་མཁན་མང་དུ་འགྲོ་བཞིན་པའི་སྐབས་སུ་འཛམ་གླིང་ཡོངས་ལ་གོད་ཆག་ཆེན་པོ་བཟོ་མཁན་གྱི་ནད་དུག་འདི་རྒྱ་ནག་གཞུང་གིས་ག་དུས་ངོ་ཐག་ཆོད་ཡོད་མེད་ཐད་གནས་ཚུལ་གསར་པ་ཁག་ཅིག་ཐོན་འདུག དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།།

  27. ཐེ་ཝན་གྱི་འོས་བསྡུའི་ཤུགས་རྐྱེན། - ཟླ་བ་དང་པོ། ༡༦, ༢༠༢༤

    ཐེ་ཝན་ལ་རྒྱལ་ཡོངས་འོས་བསྡུ་བྱས་ནས་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་མོད། ཡིན་ནའང་ཐེ་ཝན་གྱི་གྲོས་ཚོགས་སུ་གོ་མིན་ཏང་སྲིད་དོན་ཚོགས་པར་འཐུས་མིའི་གདན་གྲངས་མང་བ་ཐོབ་ཡོད་ཅིང་། བསྐྱར་ཞིབ་ལེ་ཚན་ལ་ཐེ་ཝན་གྱི་འོས་བསྡུའི་ཤུགས་རྐྱེན་སོགས་གནད་དོན་ཁག་ཅིག་གླེང་སློང་ཞུ་རྒྱུ་ཡིན།

  28. རྩོམ་སྒྲིག་པ་དང་བདུན་རེའི་གསར་འགྱུར་གལ་ཆེའི་ཁག་ལ་གླེང་མོལ་ཞུས་པའི་ལེ་ཚན། - ཟླ་བ་དང་པོ། ༡༥, ༢༠༢༤

    ༄༅། །འདས་པའི་གཟའ་འཁོར་ནང་བྱུང་བའི་འཛམ་གླིང་གི་གལ་ཆེའི་གནས་ཚུལ་ཁག་གི་ཐོག་རྩོམ་བྲིས་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་ལྷན་གླེང་མོལ་ཞུས་པའི་ལེ་ཚན་དེ་གསན་རོགས་གནང་།

  29. ཐེ་ཝན་གྱི་འོས་བསྡུའི་མཐའ་མའི་ཉིན་བཞི། - ཟླ་བ་དང་པོ། ༠༩, ༢༠༢༤

    དེང་སྐབས་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་པའི་ཐེ་ཝན་གྱི་གལ་ཆེའི་འོས་བསྡུ་བྱེད་པར་མཐའ་མཇུག་གི་ཉིན་༤་ལས་ལུས་མེད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་ཐེ་ཝན་གྱི་འོས་བསྡུར་འབྲེལ་བ་ཡོད་པའི་གནད་དོན་ཁག་ཅིག་གླེང་སློང་ཞུ་རྒྱུ་ཡིན།

  30. ཞིས་ཅིན་ཕིང་གི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་ཟེར་བའི་ལས་འགུལ། - ཟླ་བ་དང་པོ། ༠༢, ༢༠༢༤

    འདས་པའི་ལོ་བཅུ་ལྷག་གི་རིང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་ཟེར་བའི་མིང་ཐོག་ནས་ཞིས་ཅིན་ཕིང་གིས་དཔོན་རིགས་འབོར་ཆེན་ཞིག་མེད་པར་བཏང་བ་ནི་དམར་ཤོག་ཚོགས་པའི་ནང་ཁུལ་དུ་དབང་ཆ་གཅིག་སྡུད་བྱེད་པའི་ལག་ཆ་གཙོ་བོ་དེ་ཡིན་ཞིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

  31. མའོ་ཡི་སྐྱེས་སྐར་ཉིན་གྱི་ཟང་ཟིང་འཁྲབ་སྟོན། - ཟླ་བ་བཅུ་གཉིས། ༢༩, ༢༠༢༣

    གཟའ་མིག་དམར་ཉིན་མོ་འདི་ནི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་སྐྱེས་ནས་ལོ་༡༣༠་འཁོར་བའི་ཉིན་མོ་ཡིན་པས། ཉིན་དེར་རྒྱ་ནག་དམར་ཤོག་གི་ཆེས་མཐོའི་འགོ་ཁྲིད་ནས་ཉམ་ཐག་དབུལ་ཕོངས་མི་དམངས་ཁག་ཅིག་གིས་མའོ་ལ་དྲན་གསོའི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་འདུག བསྐྱར་ཞིབ་ལས་རིམ་ནང་དེའི་སྐོར་ལ་གླེང་སློང་ཁག་ཅིག་ཞུ་གི་ཡིན།

  32. ༢༠༢༣་སྟེ་རྒྱ་ནག་ལ་འགྱུར་ལྡོག་ཆེ་བའི་ལོ་ཞིག - ཟླ་བ་བཅུ་གཉིས། ༢༦, ༢༠༢༣

    ༢༠༢༣་ལོ་ནི་རྒྱ་ནག་གི་ངོས་ནས་བཤད་ན་དཔལ་འབྱོར་དང་ཆབ་སྲིད་གཉིས་ཀར་རླུང་འཚུབ་དང་འཕོ་འགྱུར་ཆེ་བའི་ལོ་ཞིག་ཡིན་ཞིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་ལོ་འདིར་རྒྱ་ནག་གི་སྲིད་འབྱོར་གཉིས་ལ་བྱུང་བའི་འགྱུར་ལྡོག་ཁག་ཅིག་གླེང་སློང་ཞུ་རྒྱུ་ཡིན།།

  33. རྒྱ་མི་གཞོན་སྐྱེས་ཚོའི་མངོན་ཆུང་གི་ངོ་ལོག - ཟླ་བ་བཅུ་གཉིས། ༢༢, ༢༠༢༣

    རྒྱ་ནག་དམར་ཤོག་གཞུང་གིས་གཞོན་སྐྱེས་ཚོར་ལོ་རྒྱུས་ཀྱི་ཕུགས་བསམ་བཅངས་ནས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བ་བྱ་དགོས་ཞེས་བཤད་ཀྱི་ཡོད་མོད། དེང་སྐབས་རྒྱ་ནག་གི་གཞོན་སྐྱེས་མང་པོ་ལས་ཀའི་འགྲན་རྩོད་ཀྱི་ཁྲོམ་ར་ནས་ཐོན་ཏེ་འཚོ་བ་སྟབས་བདེ་དང་ལྷོད་དལ་ཞིག་རོལ་ཐབས་བྱེད་ཀྱི་ཡོད།

  34. ཐེ་ཝན་གྱི་སྲིད་འཛིན་གཞོན་པའི་འོས་མིའི་ཤུགས་རྐྱེན། - ཟླ་བ་བཅུ་གཉིས། ༡༩, ༢༠༢༣

    ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་བྱེད་པར་ཟླ་བ་གཅིག་ཡང་མེད་པའི་སྐབས་འདིར་དམངས་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་གཉིས་ཀྱིས་འོས་བསྡུའི་ལས་འགུལ་ལ་དམིགས་བསལ་གྱི་ནུས་པ་ཆེན་པོ་ཞིག་འདོན་བཞིན་ཡོད་ཅིང་། བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

  35. རྩོམ་བྲིས་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་ལྷན་དུ་གླེང་མོལ། - ཟླ་བ་བཅུ་གཉིས། ༡༨, ༢༠༢༣

    ༄༅། །གཟའ་འཁོར་སྔོན་མའི་ནང་བྱུང་བའི་འཛམ་གླིང་གི་གལ་ཆེའི་གསར་འགྱུར་ཁག་གི་ཐོག་རྩོམ་བྲིས་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་ལྷན་དུ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

  36. འབར་མའི་སྤུན་གསུམ་མཐུན་གྲོགས་དམག་དཔུང་། - ཟླ་བ་བཅུ་གཉིས། ༡༥, ༢༠༢༣

    འདས་པའི་གཟའ་འཁོར་འགའ་ཞིག་རིང་འབར་མའི་གྲངས་ཉུང་མི་རིགས་ཁག་གིས་གྲུབ་པའི་སྤུན་ཟླ་གསུམ་གྱི་མཐུན་གྲོགས་ཟེར་བའི་ཡུལ་དམག་གིས་རྒྱལ་ཁབ་དེའི་དྲག་པོའི་གཞུང་གི་དམག་དཔུང་ལ་གཏོར་རྒོལ་བྱས་ནས་དམག་འཐབ་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

  37. ༡༩༤༨་ལོའི་ལོ་རྒྱུས། - ཟླ་བ་བཅུ་གཉིས། ༠༥, ༢༠༢༣

    ཉིན་ཤས་རིང་མེ་འཕེན་མཚམས་འཇོག་བྱས་པའི་རྗེས་སུ་ཨི་སི་རལ་གྱིས་སླར་ཡང་གྷ་ཛ་ཐང་གཤོང་ལ་གཏོར་རྒོལ་བྱེད་བཞིན་ཡོད་ཅིང་། ཨི་སི་རལ་དང་པ་ལི་སི་ཐན་གྱི་དཀའ་རྙོག་འདི་ཤེས་རྟོགས་ཐུབ་དགོས་ན་མི་ལོ་བདུན་བཅུ་ཙམ་གྱི་གོང་སྟེ། སྤྱི་ལོ་༡༩༤༨་ལོའི་ལོ་རྒྱུས་དེ་ཤེས་རྟོགས་ཐུབ་དགོས།

  38. རྩོམ་སྒྲིག་པ་དང་བདུན་རེའི་གསར་འགྱུར་གལ་ཆེའི་ཁག་ལ་གླེང་མོལ་ཞུས་པའི་ལེ་ཚན། - ཟླ་བ་བཅུ་གཉིས། ༠༤, ༢༠༢༣

    ༄༅། །འདས་པའི་གཟའ་འཁོར་ནང་བྱུང་བའི་འཛམ་གླིང་གི་གལ་ཆེའི་གནས་ཚུལ་ཁག་གི་ཐོག་རྩོམ་བྲིས་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་ལྷན་གླེང་མོལ་ཞུས་པའི་ལེ་ཚན་དེ་གསན་རོགས་གནང་།

  39. འབྲས་དང་སྒོ་ང་བརྔོས་པའི་ཉེན་ཁ། - ཟླ་བ་བཅུ་གཉིས། ༠༡, ༢༠༢༣

    དེང་སྐབས་རྒྱ་གཞུང་གི་དམ་དྲག་འོག་ཏུ་བྱེད་སྒོ་སྣ་ཚོགས་ཤིག་ཆབ་སྲིད་དང་འབྲེལ་བ་བཟོས་ནས་མི་ཚོས་སྒྲུབ་མི་ཕོད་པར་གྱུར་ཡོད་ཅིང་། ད་རེས་ཀྱི་གཟའ་འཁོར་འདིར་འབྲས་དང་སྒོ་ང་བརྔོས་པའི་འདྲ་པར་དང་བརྙན་ཐུང་སོགས་སྤྱི་ཚོགས་དྲྭ་ལམ་དུ་སྤེལ་ན་ཉེན་ཁ་འཕྲད་ཀྱི་ཡོད་འདུག

  40. རྒྱ་ནག་གིས་ཐེ་ཝན་ལ་གཏོར་རྒོལ་བྱ་སྲིད་དམ། - ཟླ་བ་བཅུ་གཅིག་པ། ༢༨, ༢༠༢༣

    རྒྱ་ནག་གིས་ཐེ་ཝན་ལ་དྲག་ཤུགས་བཀོལ་ནས་བཙན་འཛུལ་བྱ་རྒྱུ་ཡིན་མིན་ནི་ཨ་རིའི་གཞུང་གི་དབུ་ཁྲིད་ཚོས་རྒྱུན་དུ་ཞིབ་འཇུག་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་མ་ཟད། དེང་སྐབས་ཉམས་ཞིབ་པ་ཚོས་ཀྱང་ཚོད་དཔག་སྣ་ཚོགས་ཤིག་བྱེད་པའི་གནད་དོན་ཞིག་ཏུ་གྱུར་འདུག

  41. འགག་རྩའི་དུས་སུ་བསླེབས་པའི་ཐེ་ཝན་གྱི་འོས་བསྡུ། - ཟླ་བ་བཅུ་གཅིག་པ། ༢༤, ༢༠༢༣

    སང་ཉིན་གཟའ་པ་སངས་ཉིན་མོ་ནི་ཐེ་ཝན་གྱི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་འོས་མི་རྣམས་དངོས་སུ་ཐོ་འགོད་བྱེད་པའི་ཉི་མ་མཐའ་མ་དེ་ཡིན་ཞིང་། མཚོ་གླིང་དེའི་ཕྱོགས་འགལ་སྲིད་དོན་ཚོགས་པ་གཉིས་མཉམ་འབྲེལ་བྱེད་ཐུབ་མིན་གྱི་འགག་རྩའི་དུས་སུ་བསླེབས་འདུག ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཞུ་རྒྱུ་ཡིན།

  42. ཞའོ་མེ་ཆིང་ཐེ་ཝན་གྱི་སྲིད་འཛིན་གཞོན་པའི་འོས་མིར་ལངས། - ཟླ་བ་བཅུ་གཅིག་པ། ༢༡, ༢༠༢༣

    ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་ལས་འགུལ་དེ་འགག་རྩའི་དུས་སུ་བསླེབས་པའི་སྐབས་འདིར་གཟའ་ཟླ་བའི་ཉིན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མིས་ཨ་རིར་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་ཞའོ་མེ་ཆིང་སྲིད་འཛིན་གཞོན་པའི་འོས་མིར་བདམས་ཡོད་ཅིང་། དེ་རིང་གི་ང་ཚོའི་དཔྱད་ཞིབ་ལེ་ཚན་ལ་ལྕམ་ཞའོ་མི་ཆིང་ངོ་སྤྲོད་ཞུ་རྒྱུ་ཡིན།

  43. རྩོམ་སྒྲིག་པ་དང་བདུན་རེའི་གསར་འགྱུར་གལ་ཆེའི་ཁག་ལ་གླེང་མོལ་ཞུས་པའི་ལེ་ཚན། - ཟླ་བ་བཅུ་གཅིག་པ། ༢༠, ༢༠༢༣

    ༄༅། །འདས་པའི་གཟའ་འཁོར་ནང་བྱུང་བའི་འཛམ་གླིང་གི་གལ་ཆེའི་གནས་ཚུལ་ཁག་གི་ཐོག་རྩོམ་བྲིས་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་ལྷན་གླེང་མོལ་ཞུས་པའི་ལེ་ཚན་དེ་གསན་རོགས་གནང་།

  44. རྩོམ་སྒྲིག་པ་དང་བདུན་རེའི་གསར་འགྱུར་གལ་ཆེའི་ཁག་ལ་གླེང་མོལ་ཞུས་པའི་ལེ་ཚན། - ཟླ་བ་བཅུ་གཅིག་པ། ༡༣, ༢༠༢༣

    ༄༅། །འདས་པའི་གཟའ་འཁོར་ནང་བྱུང་བའི་འཛམ་གླིང་གི་གལ་ཆེའི་གནས་ཚུལ་ཁག་གི་ཐོག་རྩོམ་བྲིས་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་ལྷན་གླེང་མོལ་ཞུས་པའི་ལེ་ཚན་དེ་གསན་རོགས་གནང་།

  45. བསམ་བློ་གུ་ཡངས་ཅན་གྱི་འགོ་ཁྲིད་ཅིག་མཁོ་ངེས་མིན་ནམ། - ཟླ་བ་བཅུ་གཅིག་པ། ༠༧, ༢༠༢༣

    ལི་ཁེ་ཆང་གླུ་བུར་དུ་གྲོངས་པའི་རྗེས་སུ་འདས་པོ་དེའི་བསམ་བློའི་ལྟ་བ་དང་ཐ་མའི་ལག་རྗེས་ལ་གདེང་འཇོག་བྱས་པའི་སྐབས་སུ་མི་ཚོས་ད་ལྟའི་རྒྱ་ནག་དམར་ཤོག་གི་ལམ་ལུགས་ནང་དཔོན་རིགས་འགའ་ཞིག་གི་བསམ་བློ་གུ་ཡངས་དང་གཤིས་རྒྱུད་བཟང་པོ་ཡོད་ཀྱང་དོན་དངོས་སུ་ནུས་པ་འདོན་ཐུབ་གི་ཡོད་མེད་ཐད་དོགས་སློང་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་།

  46. རྩོམ་སྒྲིག་པ་དང་བདུན་རེའི་གསར་འགྱུར་གལ་ཆེའི་ཁག་ལ་གླེང་མོལ་ཞུས་པའི་ལེ་ཚན། - ཟླ་བ་བཅུ་གཅིག་པ། ༠༦, ༢༠༢༣

    ༄༅། །འདས་པའི་གཟའ་འཁོར་ནང་བྱུང་བའི་འཛམ་གླིང་གི་གལ་ཆེའི་གནས་ཚུལ་ཁག་གི་ཐོག་རྩོམ་བྲིས་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་ལྷན་གླེང་མོལ་ཞུས་པའི་ལེ་ཚན་དེ་གསན་རོགས་གནང་།

  47. ལི་ཁེ་ཆང་། - ཟླ་བ་བཅུ་པ། ༣༡, ༢༠༢༣

    རྒྱ་ནག་གི་སྲིད་བློན་ཟུར་པ་ལི་ཁེ་ཆང་གླུ་བུར་དུ་གྲོངས་པར་རྒྱ་ནག་མི་དམངས་ཀྱིས་རང་འགུལ་ཐོག་ཏུ་མྱ་ངན་དང་རྗེས་དྲན་གྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་གྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་མི་དམངས་ཀྱི་བྱེད་སྒོ་དེ་ཚོར་ཚོད་འཛིན་བྱེད་ཀྱི་ཡོད་ཅིང་། བསྐྱར་ཞིབ་ལེ་ཚན་ལ་གནད་དོན་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

  48. རྩོམ་སྒྲིག་པ་དང་བདུན་རེའི་གསར་འགྱུར་གལ་ཆེའི་ཁག་ལ་བཅར་འདྲི། - ཟླ་བ་བཅུ་པ། ༣༠, ༢༠༢༣

    ༄༅། །བདུན་ཕྲག་འདི་ནང་བོད་དོན་དང་རྒྱལ་སྤྱིའི་གསར་འགྱུར་གལ་ཆེ་ཁག་གི་ཐོག་དེ་རིང་གི་ང་ཚོའི་ལས་རིམ་མདོ་འཛིན་པ་པདྨ་བདེ་ཆེན་ལགས་དང་། མདོ་འཛིན་ལས་རོགས་ཀུན་བཟང་སྒྲོལ་མ་ལགས་གཉིས་ནས་རྩོམ་སྒྲིག་འགན་འཛིན་བློ་བཟང་ཡེ་ཤེས་ལགས་དང་བཅར་འདྲི་ཞུས་པ་ཞིག་གསན་གྱི་རེད།

  49. ཐེ་ཝན་གྱི་སྲིད་འཛིན་འོས་མི། - ཟླ་བ་བཅུ་པ། ༢༧, ༢༠༢༣

    ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་བྱེད་པར་ཟླ་བ་གཉིས་ཙམ་ལས་མེད་པའི་དུས་འདིར་སྲིད་འཛིན་འོས་མི་བཞིས་མ་འོངས་ཐེ་ཝན་ཡུལ་འདི་མདུན་ལམ་ག་འདྲ་ཞིག་གི་ཐོག་སྐྱོད་དགོས་མིན་ཐད་ལ་འགྲན་རྩོད་ཆེན་པོ་ཞིག་བྱེད་བཞིན་ཡོད། དེ་རིང་ང་ཚོའི་བསྐྱར་ཞིབ་ལས་རིམ་ནང་ཐེ་ཝན་གྱི་སྲིད་འཛིན་འོས་མི་བཞི་བོའི་སྐོར་ལ་གླེང་སློང་ཞུ་གི་ཡིན།

  50. དཀྱིལ་ཤར་ཡུལ་གྲུ་དང་ཨ་རི། - ཟླ་བ་བཅུ་པ། ༢༥, ༢༠༢༣

    འདས་པའི་དུས་རབས་ཕྱེད་ཀ་ཙམ་རིང་དཀྱིལ་ཤར་ཡུལ་གྲུ་ནི་འཛམ་གླིང་ཐོག་འཁྲུག་ཟིང་མང་ཤོས་བྱུང་སའི་ས་ཁུལ་ཞིག་ཆགས་ཡོད་ཅིང་། ཨ་རིས་འཐབ་འཁྲུག་དེ་ཚོའི་ནང་ཡང་ནས་ཡང་དུ་ཕྱི་འབྲེལ་དང་མཐའ་ན་དམག་གི་ཐེ་ཇུས་བྱས་ཡོད་པ་རེད། དེ་རིང་ང་ཚོའི་བསྐྱར་ཞིབ་ལས་རིམ་ནང་དེའི་སྐོར་ལ་གླེང་སློང་ཞུ་གི་ཡིན།

Type above to search every episode's transcript for a word or phrase. Matches are scoped to this podcast.

Searching…

We're indexing this podcast's transcripts for the first time — this can take a minute or two. We'll show results as soon as they're ready.

No matches for "" in this podcast's transcripts.

Showing of matches

No topics indexed yet for this podcast.

Loading reviews...

ABOUT THIS SHOW

༄༅།།བསྐྱར་ཞིབ་ལེ་ཚན་ནི་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་ཁག་གི་རྒྱབ་ལྗོངས་དང་འབྱུང་རྐྱེན། དེ་བཞིན་འཕྲོས་དོན་སོགས་ལ་ཞིབ་ཏུ་དབྱེ་ཞིབ་བྱེད་པའི་ Podcast ཞིག་ཡིན།

HOSTED BY

VOA

Produced by ཨ་རིའི་རླུང་འཕྲིན་ཁང་།

CATEGORIES

Frequently Asked Questions

How many episodes does བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། have?

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། currently has 206 episodes available on PodParley. New episodes are automatically indexed when they're published to the podcast feed.

What is བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། about?

༄༅།།བསྐྱར་ཞིབ་ལེ་ཚན་ནི་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་ཁག་གི་རྒྱབ་ལྗོངས་དང་འབྱུང་རྐྱེན། དེ་བཞིན་འཕྲོས་དོན་སོགས་ལ་ཞིབ་ཏུ་དབྱེ་ཞིབ་བྱེད་པའི་ Podcast ཞིག་ཡིན།

How often does བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། release new episodes?

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། publishes regularly with 206 episodes available. Check the episode list for the typical release schedule.

Where can I listen to བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།?

You can listen to བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། on PodParley by clicking any episode. We provide an embedded audio player for direct listening, and you can also subscribe via your preferred podcast app using the RSS feed.

Who hosts བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་།?

བསྐྱར་ཞིབ། - ཨ་རིའི་རླུང་འཕྲིན་ཁང་། is created and hosted by VOA.
URL copied to clipboard!