PODCAST · news
ཧི་མ་ལ་ཡ། - ཨ་རིའི་རླུང་འཕྲིན་ཁང་།
by VOA
ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།
Episodes
-
ལ་དགས་ཀྱི་ཕྱུགས་རྫི་ཚོའི་ཕྱུགས་རྩ་དང་འཚོ་བའི་ཐབས་ལམ་མེད་པ་ཆགས་ཀྱི་ཡོད་པ། - ཟླ་བ་བཞི་པ། ༡༨, ༢༠༢༤
ཧི་མ་ལ་ཡའི་ས་མཐོ་དང་ཐག་རིང་བྱང་ཕྱོགས་རྒྱ་གར་གྱི་ས་ཁུལ་གྱི་མི་ཚོས་གནམ་གཤིས་ལ་འགྱུར་ལྡོག་དང་ཡར་རྒྱས་ལས་གཞི། །དེ་བཞིན་རྒྱ་ནག་དང་རྒྱལ་མཚམས་ཀྱི་དངངས་འཚབ་དེ་ཡིས་བཅས་ཀྱི་ཁོང་ཚོའི་འཚོ་བར་ཉེན་ཁ་ཡོད་པའི་འཇིགས་སྣང་གནང་གི་གནས་ཚུལ་ཐོན་པ་ཞིག་ནམ་མཁའ་བསྟན་འཛིན་གྱིས་སྙན་སྒྲོན་ཞུ་ཡི་རེད།
-
རྒྱ་ནག་གིས་ས་མཚམས་ས་ཁུལ་ཏུ་གྲོང་ཚོ་གསར་རྒྱག་བྱས་པའི་ནང་བོད་བཙན་བཟུང་བྱས་ནས་མི་ལོ་༦༥འཁོར་བར་སྲུང་བརྩི་བྱས། - ཟླ་བ་བཞི་པ། ༠༡, ༢༠༢༤
༄༅། །རྒྱ་ནག་གིས་རྒྱ་གར་དང་འབྲུག་ཡུལ་བཅས་དང་ས་འབྲེལ་ས་མཚམས་ཐོག་གྲོང་གསེབ་གསར་རྒྱག་བྱས་པའི་ཁུལ་དུ་ད་ནས་མི་ལོ་༦༥སྔོན་ལ་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་དོན་རྐྱེན་ལ་དགའ་སྟོན་གྱི་སྲུང་བརྩི་བྱས་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།
-
བསོད་ནམས་དབང་ཕྱུག་ལགས་ཀྱིས་ཟས་བཅད་ངོ་རྒོལ་འཇུག་སྒྲིལ་ཀྱང་ལས་འགུལ་མུ་མཐུད་གནང་རྒྱུ། - ཟླ་བ་གསུམ་པ། ༢༧, ༢༠༢༤
ཁོར་ཡུག་ལས་འགུལ་བ་བསོད་ནམས་དབང་ཕྱུག་ལགས་ཀྱིས་ལ་དྭགས་ལ་མངའ་སྡེའི་གནས་བབས་ཐོབ་ཐབས་དང་ཁོར་ཡུག་ལ་སྲུང་སྐྱོབས་དགོས་པའི་རེ་འདུན་ཆེད་ཉིན་གྲངས་༢༡རིང་ཟས་གཅད་ངོ་རྒོལ་སྤེལ་བའི་ལས་འགུལ་འཇུག་བསྒྲིལ་ཀྱང་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་ཡིན་པའི་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།
-
ལ་དྭགས་བ་ཚོས་ཁོར་ཡུག་སྲུང་སྐྱོབ་དང་ས་གནས་ལ་རང་དབང་ཆེ་ཙམ་དགོས་པའི་ངོ་རྒོལ། - ཟླ་བ་གསུམ་པ། ༢༥, ༢༠༢༤
༄༅། །ལ་དྭགས་བ་ཚོས་ཁོར་ཡུག་སྲུང་སྐྱོབ་དང་ས་གནས་ལ་རང་དབང་ཆེ་ཙམ་དགོས་པའི་དགོས་འདུན་གྱི་ངོ་རྒོལ་བྱས་ཏེ་ད་ཆ་བདུན་ཕྲག་གསུམ་ཙམ་འགྲོ་གྱི་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
རྒྱ་གར་གཞུང་གིས་འབྲུག་ཡུལ་ལ་ལོ་ལྔའི་རོགས་རམ་ལྡབ་ཉིས་སྤར་ཡོད་པ། - ཟླ་བ་གསུམ་པ། ༢༥, ༢༠༢༤
༄༅། །དེ་སྔ་བོད་དང་འབྲུག་གཉིས་ཀྱི་ས་མཚམས་ས་ཁུལ་ཁག་གི་བདག་དབང་གནད་དོན་ཐོག་འབྲུག་དང་རྒྱ་ནག་གཉིས་དབར་གྲོས་ཆོད་ཞིག་འཇོག་ལ་ཉེ་བའི་སྐབས་དེར་རྒྱ་གར་གཞུང་གིས་འབྲུག་ཡུལ་ལ་ལོ་ལྔའི་རོགས་རམ་ཁག་ལྡབ་ཉིས་སྤར་ཡོད་པའི་སྐོར་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།
-
༧གོང་ས་མཆོག་འདི་ལོར་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་བཀའ་བཞེས་ཐོབ་པ། - ཟླ་བ་གསུམ་པ། ༡༤, ༢༠༢༤
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྟ་དབང་དགོན་པའི་མཁན་པོ་མཆོག་གཙོས་པས་འབྲེལ་ཡོད་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་རྟ་དབང་ལ་ཆིབས་སྒྱུར་གནང་རྒྱུའི་ཞལ་བཞེས་ཐོབ་པའི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།
-
འབྲི་གུང་༧སྐྱབས་མགོན་མཆོག་གིས་བོད་བཙན་པོའི་རྒྱལ་རབས་སྐོར་བཀའ་སློབ་གསུང་བཤད་གནང་བ། - ཟླ་བ་གསུམ་པ། ༠༦, ༢༠༢༤
འབྲིི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་སྤྱི་ཟླ་༣ཚེས་༣་ཉིན་ནིའུ་ཡོག་གྲོང་ཁྱེར་ནང་ཧི་མ་ལ་ཡ་རིག་གཞུང་བསྟི་གནས་ཁང་དུ་ཁོང་གིས་རྩོམ་སྒྲིག་གནང་བའི་བོད་བཙན་པོའི་རྒྱལ་རབས་ཅེས་པའི་ཕྱག་དེབ་ངོ་སྤྲོད་གསུང་བཤད་གནང་བའི་སྐོར་བཀྲིས་ལམ་བཟང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
མོན་ཡུལ་དུ་༧གོང་ས་མཆོག་གི་བཞུགས་ཤག་མཛད་ཡུལ་རླུང་ལ་ཞེས་པ་རྒྱ་གར་རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་པའི་བསྟི་གནས་སུ་འགྱུར་འཆར། - ཟླ་བ་གསུམ་པ། ༠༥, ༢༠༢༤
ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་གིས་མོན་ཡུལ་དུ་ཡོད་པའི་༧གོང་ས་མཆོག་བཞུགས་ཤག་མཛད་ཡུལ་རླུང་ལ་ཞེས་པའི་ས་ཚིགས་དེ་རྒྱ་གར་རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་པའི་བསྟི་གནས་སུ་འགྱུར་རྒྱུ་ཡིན་པའི་སྐོར་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་འབྲུག་ཡུལ་དུ་ཕེབས་འབྱོར། - ཟླ་བ་དང་པོ། ༣༠, ༢༠༢༤
རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་མཆོག་འབྲུག་ཡུལ་གྱི་ནང་དུ་ཉིན་གསུམ་གྱི་འཚམས་གཟིགས་ཆེད་དུ་ཕེབས་འབྱོར་གནང་ཡོད་པ་དང་དེ་ནི་ས་མཚམས་ཀྱི་རྩོད་གཞིའི་ཐོག་ལ་རྒྱ་ནག་དང་འབྲུག་ཡུལ་དབར་གྲོས་མོལ་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ཐོན་པ་ཞིག་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།
-
རྒྱ་ནག་གིས་བལ་ཡུལ་དང་རྒྱ་ནག་གི་འབྲེལ་ལམ་ལ་འགའ་ཞིག་གིས་གཏོར་བཤིག་གཏོང་བའི་ཉེན་བརྡ་བཏང་འདུག - ཟླ་བ་དང་པོ། ༣༠, ༢༠༢༤
༄༅། །བལ་ཡུལ་ནང་གཞུང་འབྲེལ་ཕྱོགས་བསྐྱོད་སླེབས་པའི་རྒྱ་ནག་གི་འཐུས་མི་ཚོས་བལ་ཡུལ་གྱི་གནད་ཡོད་མི་སྣར་རྒྱལ་ཁབ་འགའ་ཤས་ཤིག་གིས་བལ་ཡུལ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་གནོད་སྐྱོན་གཏོར་བཤིག་གཏོང་གི་ཡོད་པར་ཡིད་གཟབ་བྱེད་དགོས་ཅེས་ཉེན་བརྡ་བཏང་བའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
-
རྒྱ་གར་དང་རྒྱ་ནག་དབར་དམག་འཐབ་ཆུང་ཚག་གཉིས་བྱུང་ཡོད་པའི་གསལ་བཏོན། - ཟླ་བ་དང་པོ། ༡༨, ༢༠༢༤
༄༅། །དངོས་ཡོད་སྟངས་འཛིན་གྱི་ས་ཐིག་བརྒྱུད་དུ་རྒྱ་གར་དང་རྒྱ་མིའི་དཔུང་དམག་དབར་འཁྲུག་འཛིངས་བྱུང་ཡོད་པའི་སྐོར་སྔོན་དུ་གསང་སྒྲོག་མ་བྱེད་པའིདོན་རྐྱེན་གཉིས་ཉེ་ཆར་གསལ་སྟོན་བྱུང་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་ནམ་མཁའ་བསྟན་འཛིན་གྱི་སྙན་སྒྲོན་ཞུ་ཡི་རེད།
-
འབྲུག་གི་མི་མང་མང་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་སོན་བྱུང་བ། - ཟླ་བ་དང་པོ། ༡༠, ༢༠༢༤
གཟའ་འཁོར་འདིར་འབྲུག་ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱས་པའི་ནང་མི་མང་མང་གཙོ་ཆབ་སྲིད་ཚོགས་པར་གྲོས་ཚོགས་ཀྱི་གདན་གྲངས་མང་ཤོས་ཐོབ་སོན་བྱུང་ཡོད་པས་ཡུལ་དེའི་ནང་གཞུང་གསར་འཛུགས་ཐུབ་རྒྱུའི་གོ་སྐབས་བྱུང་བའི་སྐོར་རིག་འཛིན་གྱིས་གནས་ཚུལ་སྙན་སྒྲོན་ཞུས་རྗེས་མདོ་འཛིན་པ་དང་གླེང་མོལ།
-
འབྲུལ་ཡུལ་ནང་དཔལ་འབྱོར་གནས་སྟངས་བཟང་དུ་གཏོང་རྒྱུའི་རེ་བ་བཅང་བཞིན་དུ་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་ཡིན་པ། - ཟླ་བ་དང་པོ། ༠༨, ༢༠༢༤
༄༅། །གཟའ་མིག་དམར་ཉིན་འབྲུལ་ཡུལ་ནང་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་ཡིན་པའི་སྐབས་སུ་དེ་སྔ་དང་མི་འདྲ་བར་ཕྱོགས་ཡོངས་ཀྱི་བདེ་སྐྱིད་བསྐྲུན་རྒྱུའི་གནད་དོན་དེ་ལས་དཔལ་འབྱོར་ཕུན་སུམ་ཚོགས་པར་གྱུར་ཐབས་ཀྱི་སྲི་ཇུས་བཟུང་རྒྱུ་དེ་བཞིན་གལ་ཆེར་མངོན་གྱི་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
-
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇེ་ཤང་ཀར་ཚེས་བཞི་ཉིན་བལ་ཡུལ་ལ་འཚམས་གཟིགས་ཕེབས་རྒྱུ། - ཟླ་བ་དང་པོ། ༠༣, ༢༠༢༤
༄༅། །རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇེ་ཤང་ཀར་ཚེས་བཞི་དང་ལྔ་ཉིན་གཉིས་རིང་བལ་ཡུལ་ནང་འཚམས་གཟིགས་ཕེབས་པའི་སྐབས་བལ་ཡུལ་ནས་ཆུའི་ནུས་ཤུགས་ཉོ་རྒྱུ་དང་མཁའ་ལམ་མཐུད་སྦྲེལ་གྱི་གནས་དོན་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་པ་ཁག་ནམ་མཁའ་བསྟན་འཛིན་གྱི་སྙན་སྒྲོན་ཞུ་ཡི་རེད།
-
ཨུ་རུ་སུའི་དམག་ཁོངས་སུ་ཞུགས་མཁན་བལ་པོ་༡༠༠ཙམ་གར་སོང་ཆ་མེད་དུ་གྱུར་བ། - ཟླ་བ་བཅུ་གཉིས། ༢༨, ༢༠༢༣
བལ་ཡུལ་ཕྱི་སྲིད་བློན་ཆེན་གྱིས་ཨུ་རུ་སུས་ཡུཀ་རེན་ཐོག་རྒྱག་བཞིན་པའི་དམག་འཐབ་ཁོངས་སུ་ཞུགས་མཁན་བལ་པོ་མི་གྲངས་༡༠༠ཙམ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། །ད་དུང་བལ་པོའི་ཡུལ་མི་ཇི་ཙམ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཡོད་མེད་བརྗོད་དཀའ་བའི་སྐོར་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
འབྲུག་གི་འོས་བསྡུའི་ནང་ཚོགས་པ་གང་ལ་འོས་ཤོག་འཕེན་མིན་གླེངས་པ། - ཟླ་བ་བཅུ་གཉིས། ༢༨, ༢༠༢༣
༄༅། །འབྲུག་ཡུལ་ནང་ཕྱི་ལོ་གསར་པའི་འགོ་སྟོད་དུ་རྒྱལ་ཡོངས་འོས་བསྡུ་བྱ་གཏན་ཡིན་པར་ལྟར་སྲིད་དོན་ཚོགས་པ་གང་ལ་རྒྱབ་བསྐྱོར་གྱི་འོས་ཤོག་འཕེན་མིན་ཐད་གླེང་སློང་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།
-
དགེ་བཤེས་བཀྲིས་ལགས་ཀྱི་མཚན་ཐོག་བཙུགས་པའི་དགེ་རྩའི་ཐེབས་རྩའི་སྐོར་ - ཟླ་བ་བཅུ་གཉིས། ༢༠, ༢༠༢༣
༄༅། །ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་བཞུགས་མཁན་དགེ་བཤེས་བཀྲིས་རྡོ་རྗེ་ལགས་ཀྱི་མཚན་ཐོག་གཞན་ཕན་གྱི་ཆེད་དུ་དགེ་རྩའི་ཐེབས་རྩ་ཞིག་བཙུགས་ཡོད་པ་དེའི་སྐོར་ལ་དགེ་བཤེས་ལགས་སུ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བཅར་དྲི་ཞུས་པ་ཞིག་གསན་རོགས་གནང་།
-
དགེ་ལེགས་ཕུ་འབྲུག་གི་དཔལ་འབྱོར་འཛུཊ་བསྐྲུན་གྱི་གྲོང་ཁྱེར་ལ་འགྱུར་རྒྱུ། - ཟླ་བ་བཅུ་གཉིས། ༢༠, ༢༠༢༣
རྒྱ་གར་གྱི་མངའ་སྡེ་ཨ་སམ་དང་ས་མཚམས་འབྲུག་གི་གྲོང་སྡེ་དགེ་ལེགས་ཕུ་དེ་དཔལ་འབྱོར་འཛུཊ་བསྐྲུན་བྱེད་སའི་འབྲུག་གི་དམིགས་བསལ་འཛིན་སྐྱོང་ཅན་གྱི་གྲོང་སྡེ་ཞིག་ལ་འགྱུར་རྒྱུ་འབྲུག་རྒྱལ་པོས་གསལ་བསྒྲགས་གནང་པའི་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་གནས་ཚུལ་ཕྱོཊ་བསྡུས་ཞིག་ངོ་སྤྲོད་ཞུ་ཡི་རེད།
-
༧གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གསོལ་སྟོན་འདེགས་འབུལ། - ཟླ་བ་བཅུ་གཉིས། ༡༤, ༢༠༢༣
༧གོང་ས་མཆོག་སང་ཉིན་འབྲས་ལྗོངས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་སྟེ་ནུབ་སྦེང་གོལ་གྱི་སཱ་ལུ་གྷ་ར་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱང་རྒྱུ་དང་། །ཕྱི་ཚེས་༡༣ཉིན་གུང་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་༧གོང་ས་མཆོག་ལ་གསོལ་སྟོན་འདེགས་འབུལ་ཞུས་པའི་སྐོར་བསྟན་འཛིན་ནོར་བཟང་ལགས་ཀྱི་སྙན་སྒྲོན་གནང་གི་རེད།
-
རྒྱ་གཞུང་གིས་རྒྱབ་ཤ་དཀར་པོའི་ཡིག་ཆ་འགྲེམས་སྒྲོགས་བྱས་པར་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལན་འདེབས། - ཟླ་བ་བཅུ་གཉིས། ༡༢, ༢༠༢༣
རྒྱ་ནག་གཞུང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་བྱུས་ཀྱི་ལག་ལེན་གྲུབ་འབྲས་ཟེར་བའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འགྲེམས་སྒྲོགས་བྱས་པ་དེ་ནི་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་དུ་གཏོང་རྒྱུར་དམིགས་པ་ཞིག་ཡིན་པའི་སྐོར་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
བལ་ཡུལ་ནང་ནོ་སྦེལ་བྱ་དགའ་སྲུང་བརྩིའི་མཛད་སྒོར་དམ་དྲག་དང་བོད་པའི་བེུད་བཞི་དོ་དམ། - ཟླ་བ་བཅུ་གཉིས། ༡༡, ༢༠༢༣
༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༤འཁོར་བའི་དུས་དྲན་ཉིན་མོར་བལ་ཡུལ་ནང་མཛད་སྒོ་འཚོགས་ཡུལ་དུ་བུ་མེད་༤འཛིན་བཟུང་བྱས་ཡོད་པའི་སྐོར་ཀུན་བཟང་བསྟན་འཛིན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
བོད་ལ་རྒྱ་གར་གནས་མཇལ་བ་ཚོར་རྒྱ་མིས་བཀག་དུས་བལ་ཡུལ་ལ་གནས་སྐོར་བ་མང་དུ་ཕྱིན། - ཟླ་བ་བཅུ་གཉིས། ༠༧, ༢༠༢༣
༄༅། །བོད་ཀྱི་སྟོད་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་སོཊ་ལ་རྒྱ་གར་གནས་མཇལ་ལ་བཅར་མཁན་ཚོར་ད་ལོ་རྒྱ་མིས་དམ་བསྒྲཊ་བཀག་འགོག་བྱེད་དུས་རྒྱ་གར་བ་དེ་དག་གིས་བལ་ཡུལ་དུ་གནས་སྐོར་དང་ཡུལ་སྐོར་སྤྲོ་འཆམ་ལ་ཕྱིན་ཡོད་པ་བལ་ཡུལ་གྱི་ཚཊ་པར་ཀ་ཋ་མཎ་གྲུ་པོ་སེ་ཊེ་ཡིས་གནས་ཚུལ་སྤེལ་བ་ཞིག་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།
-
བལ་ཡུལ་གྱིས་རང་གི་ཡུལ་མི་ཨུ་རུ་སུའི་དམག་མིའི་ནང་འཇུག་རྒྱུ་མེད་པའི་འབོད་སྐུལ། - ཟླ་བ་བཅུ་གཉིས། ༠༦, ༢༠༢༣
༄༅། །ཨུ་རུ་སུའི་དམག་མིའི་ཁོངས་སུ་བཅུག་པའི་བལ་ཡུལ་གྱི་ཡུལ་མི་དྲུག་རྐྱེན་ལམ་དུ་ཕྱིན་པར་བརྟེན་བལ་ཡུལ་གཞུང་གིས་རང་གི་ཡུལ་མི་ཨུ་རུ་སུའི་དམག་མིའི་ནང་འཇུག་རྒྱུ་མེད་པའི་འབོད་སྐུལ་བྱས་པའི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
བོད་ནས་བལ་ཡུལ་གྱི་ཚོང་འདུས་སུ་ཡོང་མཁན་ཚོང་པའི་ཚོང་ཟོག་བལ་པོས་ས་མཚམས་སུ་བཀག་ཡོད་པ། - ཟླ་བ་བཅུ་གཉིས། ༠༦, ༢༠༢༣
༄༅། །ཉེ་ཆར་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུར་རྒྱལ་སྤྱིའི་ཚོང་འདུས་ཐེངས་དགུ་པ་ཚོགས་པ་དེར་བོད་ནས་ཡོང་བའི་བོད་རིགས་ཚོང་པའི་རུ་ཁག་གི་ཚོང་ཟོག་རྣམས་འགྲམ་ནས་མ་བཏང་སྟབས་གྱོང་གུན་ཕོག་ཡོད་པའི་སྐོར་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
འབྲུག་ཡུལ་དང་རྒྱ་ནག་གཉིས་ཀྱི་ས་མཚམས་གྲོས་མོལ། - ཟླ་བ་བཅུ་གཉིས། ༠༤, ༢༠༢༣
འབྲུག་ཡུལ་གྱིས་རྒྱ་ནག་དང་ས་མཚམས་ཀྱི་དཀའ་ཚེགས་སེལ་ཐབས་ཀྱི་གྲོས་མོལ་མགྱོགས་སུ་གཏོང་ཐབས་བྱེད་པའི་སྐབས་འདིར་རྒྱ་ནག་གིས་འབྲུལ་ཡུལ་གྱི་མངའ་ཁོངས་སུ་ངོས་འཛིན་ཡོད་པའི་ས་ཆའི་ནང་ཁང་པ་འཛུགས་བསྐྲུན་བྱེད་བཞིན་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
-
ཉིན་༡༧རིང་ས་འོག་ཕུག་ལམ་དུ་ལུས་པའི་རྒྱ་གར་བ་༤༡ཕྱིར་བཏོན་ཐུབ་པ། - ཟླ་བ་བཅུ་གཅིག་པ། ༢༩, ༢༠༢༣
༄༅། །ཉིན་གྲངས་༡༧རིང་སྡིབ་སྐྱོན་བྱུང་བའི་ས་འོག་ཕུག་ལམ་འོག་ལུས་བསྡད་པའི་ཨར་ལས་པ་མི་གྲངས་༤༡ཡོངས་རྫོགས་འདི་ཚེས་༢༨རེས་གཟའ་མིག་དམར་ཉིན་ཕྱིར་བཏོན་ཐུབ་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
འབྲུག་ཡུལ་དང་རྒྱ་གར། བལ་ཡུལ་གྱིས་རི་དྭགས་ནག་ཚོང་ལ་འགོག་རྒོལ། - ཟླ་བ་བཅུ་གཅིག་པ། ༢༧, ༢༠༢༣
༄༅།། འབྲུག་ཡུལ་དང་རྒྱ་གར། བལ་ཡུལ་གྱིས་ཐུན་མོང་གི་ཐོག་ནས་ལྷོ་ཕྱོགས་ཨེ་ཤི་ཡའི་ནང་རི་དྭགས་སེམས་ཅན་གྱི་ནག་ཚོང་འགོག་རྒོལ་བྱ་རྒྱུར་མཉམ་སྦྲེལ་ཐོག་ཕྱར་བ་གྲུ་འདེགས་བྱ་རྒྱུ་ཡིན་སྐོར་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།།
-
རྒྱ་གར་གྱི་ཉེན་སྐྱོབ་པ་ཚོས་ས་འོག་ཨི་ཁུང་གསར་པ་ཞིག་འབྲུས་ཏེ་མི་གྲངས་༤༡ ས་འོག་ཏུ་ལུས་པ་རྣམས་སྐྱོབ་ཐབས་བྱེད་ཀྱི་ཡོད་པ། - ཟླ་བ་བཅུ་གཅིག་པ། ༢༡, ༢༠༢༣
༄༅། །ཉིན་གྲངས་དགུའི་རིང་ས་འོག་ཕུག་ལམ་འོག་ཚུད་བསྡད་པའི་ལས་མི་༤༡་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱ་གར་གྱི་ཉེན་སྐྱོབ་པ་ཚོས་ས་འོག་ཨི་ཁུང་གསར་པ་ཞིག་འབྲུས་པའི་ཐོག་ནས་མི་དེ་དག་ཕྱིར་འདོན་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
-
བལ་ཡུལ་ནང་འཇང་དགུན་ཆོས་དང་དགེ་ལྡན་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ། - ཟླ་བ་བཅུ་གཅིག་པ། ༢༡, ༢༠༢༣
བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་འཇང་དགུན་ཆོས་ཀྱི་དགེ་ལྡན་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ་ཕྱི་ཚེས་༢༠་ནས་འགོ་འཛུགས་བྱས་ཡོད་པའི་སྐོར་ཀུན་བཟང་བསྟན་འཛིན་གྱི་སྙན་སྒྲོན་ཞུ་གནང་གི་རེད།
-
མེང་ལོར་སློབ་ཕྲུག་མཐུན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ལྔ་འཁོར་བའི་དུས་དྲན་མཛད་སྒོ་ཚོགས་པ། - ཟླ་བ་བཅུ་གཅིག་པ། ༡༩, ༢༠༢༣
སྤྱི་ཟླ་༡༡ ཚེས་༡༨ ཉིན་གྱི་ཕྱི་དྲོར་རྒྱ་གར་ལྷོ་ཕྱོགས་མེང་ལོར་གྲོང་ཁྱེར་ནང་གི་བོད་ཀྱི་སློབ་ཕྲུག་མཐུན་ཚོགས་དབུ་བརྙེས་ཏེ་ལོ་༥ འཁོར་བའི་དུས་དྲན་མཛད་སྒོ་ཞིག་མེང་ལོར་གྲོང་ཁྱེར་ནང་གི་ཨ་བ་ཏར་གསོལ་མགྲོན་ཁང་ནང་སྐོང་འཚོགས་གནང་ཡོད་པའི་སྐོར་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་ངོ་སྤྲོད་ཞུས་ཡོད།
-
སྦུག་ལམ་རྡིབ་སྐྱོན་འབྱུང་རྒྱུར་དོགས་ཏེ་སྲོག་སྐྱོབ་ཀྱི་ལས་དོན་མཚམས་བཞག་དགོས་བྱུང་འདུག - ཟླ་བ་བཅུ་གཅིག་པ། ༡༩, ༢༠༢༣
རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་Uttarakhand གྱི་ས་གནས་ཤིག་ཏུ་སྦུག་ལམ་རྡིབ་སྐྱོན་བྱུང་སྟེ་ལས་མི་༤༡ ས་སྦུག་ནང་ལྷག་ཡོད་ཀྱང་། ས་སྦུག་དེ་སླར་ཡང་རྡིབ་སྐྱོན་འབྱུང་སྲིད་པའི་ཉེན་ཁ་འོག་ད་ལྟ་སྲོག་སྐྱོབ་ཀྱི་ལས་དོན་ཁག་གནས་སྐབས་རིང་མཚམས་འཇོག་བྱས་དགོས་བྱུང་ཡོད་པའི་སྐོར་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
-
རྒྱ་ནག་གཞུང་གིས་བལ་ཡུལ་དང་འབྲེལ་བ་ཉེ་རུ་གཏོང་རྒྱུར་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་མངགས་གཏོང་། - ཟླ་བ་བཅུ་གཅིག་པ། ༡༣, ༢༠༢༣
འདས་པའི་མི་ལོ་དྲུག་ཙམ་རིང་བལ་ཡུལ་ནང་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ཟེར་བའི་ལས་འཆར་དེར་རྒྱ་སྐྱེད་དེ་ཙམ་མ་བྱུང་སྟབས་ཉེ་ལམ་རྒྱ་ནག་གཞུང་གིས་བལ་ཡུལ་དང་འབྲེལ་བ་བཟང་དུ་གཏོང་རྒྱུར་བལ་ཡུལ་དང་ས་འབྲེལ་ཡོད་པའི་བོད་རིགས་ཁུལ་ནས་སྐུ་ཚབ་མངགས་གཏོང་བྱས་ཡོད་པའི་སྐོར་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།
-
བལ་ཡུལ་གྱི་ནུབ་བྱང་དུ་ས་ཡོམས་བརྒྱབས་ཏེ་འདས་གྲོངས་ཕྱིན་པ་རྣམས་ལ་ཞུགས་འབུལ་བྱེད་ཀྱི་ཡོད་པ། - ཟླ་བ་བཅུ་གཅིག་པ། ༠༦, ༢༠༢༣
༄༅། །ཉེ་དུས་བལ་ཡུལ་གྱི་ནུབ་བྱང་རི་བོའི་ས་ཁུལ་དུ་ས་ཡོམས་ཤུགས་ཆེ་ཞིག་བརྒྱབས་པའི་ནང་མི་གྲངས་༡༥༧ཙམ་ཞིག་ལ་སྲོག་སྐྱོན་བྱུང་བ་འགའ་ཤས་ཀྱི་ཕུང་པོ་སོ་སོའི་རྗེས་ཤུལ་ནང་མི་ཚོས་ཞུགས་འབུལ་བྱེད་ཀྱི་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
རྒྱ་ནག་གི་བཟོས་པའི་པོག་ར་རྒྱལ་སྤྱིའི་གནམ་ཐང་དེས་བལ་ཡུལ་ལ་བུ་ལོན་མང་པོ་བཟོས་ཡོད་པ། - ཟླ་བ་བཅུ་པ། ༡༨, ༢༠༢༣
༄༅། །བལ་ཡུལ་གྱི་གྲོང་ཁྱེར་པཱོག་རར་ཧ་ཅང་རིན་གོང་ཆེན་བའི་རྒྱལ་སྤྱིའི་གནམ་ཐང་བཟོ་སྐྲུན་བྱེད་བཞིན་པ་དེར་མ་དངུལ་ཉུང་བའི་དཀའ་ངལ་ཡོད་པ་མ་ཟད་རྒྱ་ནག་གི་བུན་བདག་ཚོར་ལོ་མང་རིང་གི་བུ་ལོན་སྤྲོད་དགོས་པའི་གནས་སྟངས་ཞིག་ཏུ་འགྱུར་ཡོད་པའི་སྐོར་ནམ་མཁའ་བསྟན་འཛིན་གྱི་སྙན་སྒྲོན་ཞུ་ཡི་རེད།
-
འབྲས་ལྗོངས་ཀྱི་ཆུ་ལོག་དང་རི་སྟེང་གི་འཁྱམས་རོམ་བཞུར་བའི་ཉེན་ཁ། - ཟླ་བ་བཅུ་པ། ༡༥, ༢༠༢༣
རྒྱ་གར་དང་བོད་གཉིས་ཀྱི་ས་འབྲེལ་འཁེལ་ཡུལ་ཧི་མ་ལ་ཡའི་རི་སྟེང་མཐོ་ཚད་ཕི་ཏྲི་༡༧༠༠༠ སྟེང་དུ་གངས་རུད་ཅུང་ཟད་བརྒྱབ་པའི་རྐྱེན་ལས། རི་གཤམ་གྱི་མཚོ་ཆུ་རྒྱས་ཏེ་འབྲས་ལྗོངས་ཁུལ་དུ་མི་ལོ་༥༠ རིང་ལ་བྱུང་མྱོང་མེད་པའི་ཆུ་ལོག་ཆེན་པོ་དེའི་འབྱུང་རྐྱེན་དང་ད་ལྟའི་གནས་སྟངས་སོགས་ཀྱི་སྐོར་གླེང་མོལ་ཞུས་པ་གཤམ་གསལ།
-
བོད་པ་ཚོས་འབྲས་ལྗོངས་ཁུལ་དུ་ཆུ་ལོག་གི་གོད་ཆག་བྱུང་བར་གདུང་སེམས་མཉམ་བསྐྱེད། - ཟླ་བ་བཅུ་པ། ༡༤, ༢༠༢༣
ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་རྒྱ་གར་བྱང་ཤར་འབྲས་ལྗོངས་སུ་ཆུ་ལོག་གི་གོད་ཆག་ཚབས་ཆེ་བྱུང་བའི་རྒྱུ་རྐྱེན་དང་དེའི་གནོད་ཚབས། ས་གནས་བོད་མིའི་གནས་སྟངས་དང་ཡུལ་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ལས་འགུལ་སྐོར་སོགས་ལ་གླེང་མོལ་ཞུས་ཡོད།
-
གོད་ཆག་འོག་ལྷུང་བའི་འབྲས་ལྗོངས་མང་ཚོགས་ལ་བོད་མིས་གདུང་སེམས་མཉམ་བསྐྱེད། - ཟླ་བ་བཅུ་པ། ༡༡, ༢༠༢༣
འབྲས་ལྗོངས་མངའ་སྡེ་ནང་དུ་ཟླ་བ་འདིའི་ཚེས་༤ སྔ་དྲོ་ཆུ་ལོག་ཚབས་ཆེ་བྱུང་བའི་རྐྱེན་གྱིས་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཧ་ཅང་ཆེན་པོ་བཟོས་ཡོད་སྟབས་ས་གནས་བོད་མི་འགོ་ལས་དང་མང་ཚོགས་རྣམས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་པའི་སྐོར་བསྟན་འཛིན་ནོར་བཟང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་གྱི་ཆུ་ལོག་འོག་མི་གྲངས་༧༧ལྷག་ལ་སྲོག་སྐྱོན་བྱུང་བ། - ཟླ་བ་བཅུ་པ། ༠༩, ༢༠༢༣
༄༅། །འབྲས་ལྗོངས་ནང་ད་ཆ་ཆུ་རུད་འཇིགས་པའི་ཉེན་ཁ་ཇེ་ཉུང་དུ་སོང་ཡོད་ཀྱང་ཆུ་རུད་ཀྱི་རྐྱེན་ངན་དེའི་འོག་མི་མང་༧༧ཙམ་ལ་སྲོག་སྐྱོན་བྱུང་བའི་ཁར་། །ཟམ་པ་དང་རྒྱ་ལམ། །གློག་སོགས་ཆད་ནས་མི་མང་སྟོང་ཚོ་མང་པོར་འབྲེལ་མཐུད་བྱེད་ཡུལ་མེད་པའི་དཀའ་ངལ་འཕྲད་བཞིན་པའི་སྐོར་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
-
འབྲས་ལྗོངས་ནང་ཆུ་ལོག་གིས་རྐྱེན་པས་མི་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་འཕར་བཞིན་པ། - ཟླ་བ་བཅུ་པ། ༠༨, ༢༠༢༣
རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་དུ་འབྲས་ལྗོངས་ནང་ཆུ་ལོག་གིས་རྐྱེན་པས་མི་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་འཕར་བཞིན་པ་དང་། རྒྱ་གར་གྱི་དམག་དཔུང་གིས་རྫས་མདེལ་ཆུ་ལ་ཤོར་རྐྱེན་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་ཕོག་སྲིད་པའི་ཉེན་བརྡ་བཏང་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
-
བལ་པོ་དང་རྒྱ་མིའི་༢༠༢༣/༩/༢༦གི་བསྒྲཊ་གཏམ་ནས་བོད་དོན་ལ་དཀའ་ངལ། - ཟླ་བ་དགུ་པ། ༢༨, ༢༠༢༣
༄༅། །བལ་པོའི་སྲིད་བློན་དྷ་ཧཱལ་གྱིས་ལྷ་ས་དང་གངས་རིན་པོ་ཆེ་སོཊ་སུ་མ་བཅར་གོང་ལ་རྒྱ་ནག་ལ་ཕྱིན་ནས་རྒྱ་མིའི་སྲིད་འཛིན་ཞི་ཅིང་ཕིང་ཐུག་པའི་རྗེས་ལ་བལ་པོ་དང་རྒྱ་མིའི་ཟུང་འབྲེལ་བསྒྲཊ་གཏམ་སྤེལ་བའི་ནང་དོན་ནི་བོད་དང་བོད་པའི་རྩ་དོན་དང་བདེ་དོན་ལ་ཤུཊ་རྐྱེན་ཡོད་པའི་སྐོར་ཞིག་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་ཞུ་ཡི་རེད།
-
བོད་པའི་བུ་མོ་ཚེ་རིང་གཡང་འཛོམས་རྒྱང་རྒྱུག་འགྲན་བསྡུར་ནང་བོུའི་ཨང་དང་པོ་ཐོབ་པ། - ཟླ་བ་དགུ་པ། ༡༤, ༢༠༢༣
༄༅། །བོད་པའི་བུ་མོ་ཚེ་རིང་གཡང་འཛོམས་ལགས་ལ་དྭགས་སུ་དར་གོས་ཚོང་ལམ་རྒྱང་རྒྱུག་ཀི་ལོ་མི་ཊར་ ༡༢༢ འགྲན་བསྡུར་རྒྱུག་མཁན་བུ་མོའི་ཁྲོད་བུ་མོའི་ནང་ནས་ཨང་དང་པོ་ཐོབ་ཡོད་པའི་སྐོར་བཞུགས་སྒར་ནས་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་སྙ
-
བལ་བོད་ས་མཚམས་འགྲམ་སྒོ་ཕྱེ་བ། - ཟླ་བ་དགུ་པ། ༠༢, ༢༠༢༣
ཕྱི་ཟླ་༩ཚེས༡ཉིན་ནས་བལ་བོད་གཉིས་ཀྱི་ས་འཚམས་འགྲམ་གྱི་འགག་སྒོ་ནས་ཕྱོགས་གཉིས་ཀྱི་མང་ཚོགས་འགྲོ་འོང་ཤར་གཏོང་བྱས་བ་མ་ཟད་འགག་སྒོ་ཕྱོགས་གཉིས་སུ་ཡུལ་མིའི་ཟ་ཁང་དང་ཚོང་ཁང་གསར་དུ་སྒོ་ཕྱེ་ཡོད་པའི་སྐོར་ཀུན་བཟང་བསྟན་འཛིན་གྱི་སྙན་སྒྲོན་གནང་གི་རེད།
-
གློ་མོན་ཐང་དུ་ཆུ་ལོག་བྱུང་ནས་ས་སྐྱའི་དགོན་པ་གཅིག་ལ་གནོད་སྐྱོན་ཆེན་པོ་བྱུང་བ། - ཟླ་བ་བརྒྱད་པ། ༢༤, ༢༠༢༣
བལ་ཡུལ་གློ་སྨོན་ཐང་བཀག་ལུང་བར་ཆུ་ལོག་གིས་གནོན་འཚེ་བྱུང་སྐབས་ས་སྐྱ་དགོན་ཐུབ་བསྟན་བསམ་འཕེལ་གླིང་ལ་གནོན་འཚེ་ཆེན་པོ་བྱུང་ནས་ཉམས་གསོ་ཆེད་ས་སྐྱ་སྒྲོལ་མ་ཕོ་བྲང་དང་ངོར་ཐར་རྩེ་བླ་བྲང་སོགས་ནས་བལ་སྒོར་འབུམ་དྲུག་བཅུ་ལྷག་གིས་རོགས་རམ་གནང་འདུག་པའི་སྐོར་ཀུན་བཟང་བསྟན་འཛིན་ལགས་ཀྱི་སྙན་སྒྲོན་ཞུ་ཡི་རེད།
-
དམིགས་བསལ་ཆེད་སྒྲིག་གི་ལེ་ཚན། - ཟླ་བ་བརྒྱད་པ། ༢༣, ༢༠༢༣
དམིགས་བསལ་ཆེད་སྒྲིག་གི་ལེ་ཚན་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་ལ་དྭགས་བསོད་ནམས་གླིང་རྟ་དྲེལ་སྐྱིད་སྡུག་ཚོགས་པའི་རང་ཁ་རང་གསོའི་ཐོག་ནས་ཚོང་ལས་གཉེར་ཕྱོགས་སྐོར་ལ་སྐྱིད་སྡུག་གི་ཚོགས་གཙོ་ཟུར་པ་སངས་རྒྱས་བསྟན་དར་ལགས་དང་ལྷན་གླེང་མོལ་ཞུས་པ་དེ་སྙན་སྒྲོན་གནང་གི་རེད།
-
༧གོང་ས་མཆོག་ནས་ཧར་ཝརཊི་གཙུག་ལག་སློབ་ཆེན་གྱི་སློབ་ཕྲུག་ཁག་ཅིག་ལ་བཀའ་སློབ་སྩལ་གནང་བ། - ཟླ་བ་བརྒྱད་པ། ༢༡, ༢༠༢༣
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་ ༨ ཚེས་ ༢༡ ཉིན་ཨ་རི་ཧར་ཝརཌི་གཙུག་ལག་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་ལ་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་མཇལ་ཁ་དང་སྦྲགས་བཀའ་སློབ་སྩལ་གནང་མཛད་ཡོད་པའི་སྐོར་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་དེ་སྙན་སྒྲོན་་གནང་གི་རེད།
-
༧རྒྱལ་བ་རིན་པོ་ཆེས་གཤམ་མང་ཚོགས་སྟོང་ཕྲག་ཁ་ཤས་ལ་སྒྲོལ་དཀར་ཚེ་དབང་བཀྲིན་བསྩལ་བ། - ཟླ་བ་བརྒྱད་པ། ༡༩, ༢༠༢༣
༧རྒྱལ་བ་རིན་པོ་ཆེས་ཕྱི་ཚེས་༡༩སྔ་ཐོག་ལ་དྭགས་ཀྱི་གཤམ་ས་ཁུལ་གྱི་མང་ཚོགས་སྟོང་ཕྲག་ཁ་ཤས་ལ་རྗེ་བཙུན་འཕགས་མ་སྒྲོལ་དཀར་གྱི་ཚེ་དབང་བཀའ་དྲིན་བསྩལ་བ་དང་ཆོས་ཞུ་བ་ཚོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་ནས་མི་ཚེ་དོན་དང་ལྡན་པ་སྐྱེལ་དགོས་པའི་ལམ་སྟོན་བསྩལ་བའི་སྐོར་བསྟན་འཛིན་ནོར་བཟང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
༧སྐུ་མདུན་ལ་དྭགས་གཤམ་རི་ལྗོངས་སུ་ཆིབས་བསྒྱུར་མཛད་པ། - ཟླ་བ་བརྒྱད་པ། ༡༩, ༢༠༢༣
༄༅། །༧རྒྱལ་བ་རིན་པོ་མཆོག་ལ་དྭགས་གཤམ་རི་ལྗོངས་མི་མང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་འདི་ཚེས་ ༡༨ ཉིན་ལ་དྭགས་གླེ་ནས་ཐད་འཕུར་གནམ་གྲུ་བརྒྱུད་གཤམ་ཁུལ་དུ་ཞབས་སོར་འཁོད་གནང་མཛད་པའི་སྐོར་བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
-
གློ་སྨོན་ཐང་ཁུལ་ཆུ་ལོག་གི་དོན་རྐྱེན་ནང་གནོད་སྐྱོན་ཚབས་ཆེ། - ཟླ་བ་བརྒྱད་པ། ༡༧, ༢༠༢༣
བལ་ཡུལ་གློ་སྨོན་ཐང་ཕྱོགས་སུ་ཆུ་ལོག་གིས་ས་སྐྱའི་དགོན་པ་གཅིག་དང་དངུལ་ཁང་གཉིས་དེ་བཞིན་མང་ཚོགས་ཀྱི་སྡོད་ཁང་སོགས་ལ་གནོད་སྐྱོན་ཚབས་ཆེན་བཏང་ཡོད་པའི་སྐོར་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བལ་ཡུལ་ནས་བཏང་གནང་བའི་གནས་ཚུལ་སྙན་སྒྲོན་གནང་གི་རེད།
-
༧གོང་ས་མཆོག་གིས་ལ་དྭགས་གཤམ་ཡུལ་དུ་ཆོས་འབྲེལ་བསྐྱང་རྒྱུ་ཡིན་པ། - ཟླ་བ་བརྒྱད་པ། ༡༤, ༢༠༢༣
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧་སྤྱི་ནོར་༧གོང་ས་མཆོག་ནས་་དྭགས་གཤམ་ཡུལ་དུ་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན་༧གོང་ས་མཆོག་ཚེས་༡༨ ཉིན་གཤམ་ཡུལ་དུ་ཆིབས་བསྒྱུར་གྱིས་ཕྱི་ཚེས་༡༩ཉིན་ཁུལ་དེའི་མང་ཚོགས་ལ་སྒྲོལ་དཀར་གྱི་ཚེ་དབང་བཀྲིན་ཆེ་རྒྱུ་ཡིན་པ་སོགས་ཀྱི་སྐོར།
-
༧གོང་ས་མཆོག་གིས་རིགས་ལམ་སློབ་གཉེར་ཐོག་མུ་མཐུད་ཤུགས་རྒྱག་དགོས་པའི་ལམ་སྟོན་བཀའ་སློབ། - ཟླ་བ་བརྒྱད་པ། ༠༧, ༢༠༢༣
སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཀྱི་ལམ་སྒྲོན་སློབ་གྲྭའི་ལྔ་བཅུའི་དུས་ཆེན་དང་དབྱར་ཆོས་ཆེན་མོ་ཐེངས་༩པའི་ཚོགས་མགོན་དུ་ཆིབས་སྒྱུར་གྱིས་རིགས་ལམ་སློབ་ཚན་སྦྱོང་སྤྱོད་སྤེལ་གསུམ་གནང་བར་བསྔགས་བརྗོད་དང་། སླད་ཀྱང་རིགས་ལམ་ཐོག་མུ་མཐུད་ཤུགས་རྒྱག་དགོས་པའི་བཀའ་སློབ་གནང་བའི་སྐོར།
We're indexing this podcast's transcripts for the first time — this can take a minute or two. We'll show results as soon as they're ready.
No matches for "" in this podcast's transcripts.
No topics indexed yet for this podcast.
Loading reviews...
ABOUT THIS SHOW
ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།
HOSTED BY
VOA
Loading similar podcasts...